དབུ་ཤོག>སྲིད་དོན།
  • བློ་མཐུན་པད་མ་དབང་འདུས་ཀྱི་ལོ་རྒྱུས་མདོར་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-19

    46276_yis_1610985600000_s.jpg

    པད་མ་དབང་འདུས། ཕོ། བོད་རིགས། 1967ལོའི་ཟླ་2པར་སྐྱེས།(ལོ་53) བོད་ལྗོངས་སྨར་ཁམས་བ། 1991ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུཌ། 1987ལོའི་ཟླ་7པར་ལས་ཀར་ཞུཌ། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    1983.09—1987.07ཧུའུ་པེ་ཞིང་ཆེན་ཆུ་བེད་སློབ་གྲྭར་སྐམ་སའི་ཆུ་དཔྱད་ཀྱི་ཆེད་ལས་སྦྱངས།

    1987.07—1991.06བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཆབ་མདོ་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་རུ་ཆེན་གྱི་ལག་རྩལ་པ་དང་རུ་དཔོན་གཞོན་པ་བྱས།

    1991.06—1992.06བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཡར་འབྲོག་གཡུ་མཚོའི་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་རུ་ཆེན་གྱི་རུ་དཔོན་རྒན་པ་བྱས།

    1992.06—1997.01བོད་རང་སྐྱོང་ལྗོངས་ཆུ་དཔྱད་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས། (དེའི་རིང་། 1994.09—1996.07ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་བྱས)

    1997.01—1999.04བོད་རང་སྐྱོང་ལྗོངས་ཆུ་བེད་ལག་རྩལ་ཞབས་ཞུ་སྤྱི་ཁྱབ་ས་ཚིགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས།

    1999.04—2000.04བོད་རང་སྐྱོང་ལྗོངས་ཆུ་བེད་འཆར་འགོད་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ(རྫོང་རིམ་པ་རྒན་པ)བྱས།

    2000.04—2005.07བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་བྱས།(དེའི་རིང་། 2000.05—2000.11ཆུ་བེད་པུའི་འཛུགས་སྐྲུན་དང་དོ་དམ་སིའི་སི་ཀྲང་གཞོན་པར་གནས་སྦྱར་བྱས། 2001.09—2003.07སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་ཀྱི་ལས་ཐོག་སློབ་སྦྱོང་བྱས། 2004.06—2004.09རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་པའི་དོ་དམ་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)

    2005.07—2012.04བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་བྱས།

    2012.04—2015.06བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་བྱས།

    2015.06—2016.11བོད་རང་སྐྱོང་ལྗོངས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བྱས།

    2016.11—2017.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་བྱས།

    2017.01—2021.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2021.01—བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།