དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-15

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་ལྟར། ཚེས་13ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་གཅིག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བཀོད་གཏོང་དང་ཞིབ་བཤེར་གནང་སྟེ་འབྲེལ་ཡོད་ལས་དོན་ལ་བསྐྱར་དུ་ནན་བཤད་དང་བསྐྱར་དུ་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཉེ་དུས་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བཀོད་སྒྲིག་ཞིབ་ཕྲ་ལྟར་དཀའ་སྤྱད་འབད་འཐབ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཧུར་ཐག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བཅས་བྱས་ཤིང་། སྤྱིའི་དུས་བབ་ལེགས་པོ་ཡོད་པས་ཁས་ལེན་གང་ལེགས་བྱེད་རིན་ཡོད། ཕྱིས་སུ་ཡང་འབད་བསྐྱར་འབད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་སེམས་ནང་འཇོག་པ་དང་། ཕྲག་ཏུ་འཁུར་བ། དམ་འཛིན་ནན་པོ་བཅས་བྱས་ཏེ་སྟོང་ཆ་དང་ཉེན་ཁར་གྲལ་བཤེར་ཞིབ་ཕྲ་བྱེད་པ་དང་མངོན་མེད་རྐྱེན་ངན་གྱི་རྒྱུ་རྐྱེན་བསལ་ནས་ལས་ཀའི་གྲུབ་འབྲས་ཏན་ཏིག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོའི་ཐོག་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན་བཅས་ལ་བསུ་བ་ཞུ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་གཅིག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་ནས་ཉམས་ཞན་ལྷུ་ཚིགས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དེར་ཞིབ་བཤེར་བྱེད་པ་དང་། འཕྲལ་སྡོམ་སྔོན་ཇུས་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། དམིགས་སའི་རང་བཞིན་གྱི་འགོག་ཟོན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཏན་ཏིག་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ནན་པོ་ཡོང་བ་བྱེད་དགོས་པ་དང་།    གཉིས་ནས་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་དགོས་ཤིང་། དྲ་རྒྱའི་བདེ་འཇགས་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་དྲིལ་བསྒྲགས་གཡུལ་ས་སྟོབས་ཆེན་སྐྲུན་པ་དང་། དྲ་རྒྱའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་དྲ་ཐོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་ཁོར་ཡུག་ཅིག་གཏོད་པ་བཅས་བྱས་ནས་སྐྱོན་བྲལ་ཡར་འཕེལ་གྱི་དྲ་རྒྱའི་ཁོར་ཡུག་ཅིག་སྐྱེད་སྲིང་བྱེད་དགོས། གསུམ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་རྒྱུན་མཐུད་དམ་འཛིན་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་དུ་ཚད་མཐོའི་དོགས་ཟོན་བྱས་ཏེ། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགྲུལ་སྐྱེལ་ས་ཚིགས་དང་ཕྱིར་གཏོང་ནང་འདྲེན་གྱི་ས་ཚིགས་སོགས་མི་སྣ་འདུ་འཛོམས་ཆེ་བའི་ས་ཆའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ། ཞིང་ཞོར(ཚོང་འདུས)ཁྲོམ་རའི་ལྟ་ཞིབ་ཚད་ལེན་དང་འཐེན་བཤེར་དང་ཁོར་ཡུག་འཕྲོད་བསྟེན་གྱི་བཅོས་སྒྲིག་ལས་དོན་གཅིག་སྡུད་ཐོག་སྤེལ་བ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ནན་པོ་དང་ཞིབ་ཕྲ་བཅས་བྱས་ནས་རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་མ་མཆེད་པའི་འགན་ལེན་བྱེད་དགོས། བཞི་ནས་འགལ་ཟླ་དང་ཉེན་ཁ་སེལ་བའི་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བསམ་བློའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྲིད་ཇུས་ཁྲིམས་སྲོལ་ལ་གཞིགས་ནས་ལས་དོན་སྒྲུབ་རྒྱུ་དེ་སློབ་གསོ་གསེད་དཀྲོལ་དང་དཀའ་གནད་སྐྱོབ་རོགས་དང་ཟུང་འབྲེལ་བྱེད་པ། ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་སྡེ་ཚན་གྱི་གཙོ་གཉེར་འགན་འཁྲི་དོན་འཁྱོལ་དང་ཟུང་འབྲེལ་བཅས་བྱས་ནས། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་དང་ལྷག་པར་དུ་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་གནད་དོན་ལ་གྲལ་བཤེར་གཏིང་ཟབ་དང་འགལ་ཟླ་དང་རྩོད་གཞི་རང་འགུལ་ངང་བསལ་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་འབྱུང་རྩ་ནས་ཐག་གཅོད་གང་ཐུབ་བྱེད་དགོས། ལྔ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་གཙོ་གནད་ས་ཁུལ་དང་། གཙོ་གནད་ས་ཁོངས། གཙོ་གནད་ས་ཆ་བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏིང་ཟབ་གཏོང་བ། ཉེན་ཁ་སྣ་ཚོགས་ལ་སྔ་ཙམ་ནས་ངོས་འཛིན་དང་། སྔོན་ཙམ་ནས་ཉེན་བརྡ་གཏོང་བ། སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་ཐག་གཅོད་ཏན་ཏིག་བཅས་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཉམ་འབྲེལ་ཁྲིམས་འཛིན་དང་སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཞིབ་བཤེར་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཤེས་བྱའི་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཆེ་གྲས་ནན་འགོག་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།