དབུ་ཤོག>སྲིད་དོན།
  • ཅང་ཅེ་བོད་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-14

    ཚེས་11ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྙན་ཞུ་གསན་པ་མ་ཟད། དགུན་དཔྱིད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཅང་ཅེས་ནན་བཤད་གནང་དོན། མིག་སྔ་ནི་དགུན་དཔྱིད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དེས་ན། ཕྱོགས་བཞིའི་འགན་འཁྲི་ནན་དུ་བཏང་སྟེ་ཁོངས་གཏོགས་ས་ཆའི་ཏང་སྲིད་ཀྱི་འགོ་ཁྲིད་པ་དང་པོའི་འགན་འཁྲིའི་ལམ་ལུགས་སྔར་བས་དོན་འཁྱོལ་བྱེད་པ་དང་། ལས་ཀའི་སྟོབས་ཤུགས་ཆད་གསབ་ཧྲག་འདེམས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་ལས་ཀའི་བཀོད་གཏོང་ཤུགས་ཆེར་གཏོང་བ། ཤེས་རྟོགས་ཐུབ་པའི་གནད་དོན་དུས་ཐོག་ཏུ་བརྡ་ལན་སློག་པ་དང་དག་ཐེར་བྱེད་པ་བཅས་བྱས་ནས་སྲིད་བཀའ་ཤར་འཕྲོད་དང་ནུས་ཆེའི་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། “མི”དང“དངོས་པོ”མཉམ་འགོག་དང་། “ནང”དང“ཕྱི”གལ་ཆེ་མཉམ་དུ་འཛིན་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་མི་ཚོགས། གཙོ་གནད་ཁ་ཕྱོགས། གཙོ་གནད་ལྷུ་ཚིགས་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནང་འདྲེན་གྲང་འཕྲེང་བཟའ་བཅའ་རང་ལྗོངས་ཀྱི་ཁྲོམ་རར་གཏོང་རྒྱུ་ཕྱོགས་ཡོངས་ནས་བཀག་འགོག་བཅས་བྱས་ནས་ཉེན་ཁ་ཆེ་འབྲིང་ཁུལ་གྱི་བོད་སྐྱོད་མི་སྣ་དང་ལྗོངས་ནང་ཁུལ་གྱི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱེད་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་སྒྲིག་ལམ་ནན་དུ་གཏོང་བ་དང་སྙན་ཞུའི་ཚུར་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་ཀའི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། འཕྲོད་བསྟེན་གྱི་གོམས་གཤིས་དང་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཡག་པོ་དར་སྤེལ་གཏོང་བ་དང་། མང་ཚོགས་ཚོས་རང་ངོས་སྲུང་སྐྱོང་ཡག་པོ་བྱ་རྒྱུར་སྐུལ་སློང་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་གཅིག་འདོམས་བཅས་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་དམར་ཐིག་ནན་པོ་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།