དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་ཏང་ཀྲི་པུའུ་ཡི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དྲུང་ཡིག་ཁྲུའུ་གཉིས་པ་དང་དྲུང་ཡིག་ཁྲུའུ་དྲུག་པའི་མཉམ་འབྲེལ་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ཏེ། ཀྲི་པུའི་ཁོངས་མི་དང་ལྷན་དུ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་སློབ་སྦྱོང་ལ་ཕེབས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་གནང་བ་རེད།

    ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་དང་དེ་བཞིན“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཕྱོགས་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་མངོན་པའི་ཆེད་དོན་རྟེན་རྫས་བཤམས་མཛོད་ཁང་ཞིག་རེད། ཕུན་སུམ་ཚོགས་པའི་རིག་དངོས་དང་ལོ་རྒྱུས་དཔྱད་གཞི་དང་། ཞིབ་ཚགས་པའི་ཚད་ལྡན་ཡིག་ཆའི་ཟིན་ཐོ། དཔེ་གསར་གྱི་འགྲེམས་སྟོན་བཀོད་པ་བཅས་ཀྱིས་ཀྲོང་ཡན་གྱི་ཡིད་དབང་འཕྲོག་སྟེ་ཁོང་གིས་ཕེབས་མཚམས་ཡང་སེ་བཞག་ནས་ཞིབ་ཕྲའི་ངང་གཟིགས་པ་དང་། གསལ་འགྲེལ་ནན་ཏན་ངང་གསན་པ། བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཀྲོང་ཡན་གྱིས་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70ཡི་རིང་རང་རེའི་ཏང་གིས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དབུལ་ཞིང་ཕོངས་པ་དང་བཀག་སྡོམ་རྗེས་ལུས་ནས་དར་རྒྱས་གོང་འཕེལ་དང་ཤེས་དཔལ་ཡར་ཐོན་གྱི་བརྗིད་ཆེའི་ལེའུ་བརྩམས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་ཀྱི་ལེགས་ཆ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྦད་དེ་ཡང་དག་པ་ཡིན་པ་མཚོན་གྱི་ཡོད། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་རིག་དངོས་དང་ལོ་རྒྱུས་དཔང་རྟགས་སུ་དྲངས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཤུགས་རྐྱེན་ཟབ་མོའི་ཁྲོད་དུ་བོད་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་གོ་བ་གཏིང་ཟབ་ལེན་དུ་བཅུག་སྟེ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་གསུངས་པ་རེད།

    ཆབ་མདོར་བཅིངས་འགྲོལ་གཏོང་སྐབས་ཀྱི་སྔོན་གཤེགས་དཔའ་བོའི་མཚན་ཐོའི་འགྲེམས་སྟོན་གྱང་མདུན་དུ་ཀྲོང་ཡན་གྱིས་ཡུན་རིང་པོ་ཞུགས་ཏེ་བརྩེ་བ་ཟབ་མོས་གཟིགས་ཤིང་།ཁོང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། གཅིག་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། རང་འཁྲིའི་ལས་དོན་ལ་གཞི་ཚུགས་ནས་དངོས་འཛིན་དངོས་སྒྲུབ་ཁྲོད་སློབ་སྦྱོང་གཏིང་ཟབ་དང་། ཡུན་རིང་མཐའ་འཁྱོངས། ཕྱོགས་ཡོངས་དོན་འཁྱོལ། ཐོག་མཐའ་བར་གསུམ་དུ་ལག་བསྟར་བཅས་བྱེད་དགོས། གཉིས་ནས་བརྟན་ལྷིང་སྲུང་སྐྱོང་འགན་འཁྲི་ཨང་དང་པོར་བརྩི་བའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་། “ཁྲིད་སྟོན”བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། གསུམ་ནས་དུས་རབས་གསར་པར་བོད་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། “དཀྲིས་པ་གསུམ”དང“ཕན་པ་གཅིག”མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་བཅས་བྱས་ཏེ་མི་རིགས་ཁག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བཞི་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་པའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་པོ་བཙུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས། ལྔ་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་འཛུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས། དྲུག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཡིན་པའི་རང་རྟོགས་ཆེ་རུ་ཏན་ཏིག་བཏང་སྟེ། ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་སྟོབས་བརྩོན་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།