དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་ལྗོངས་ཀྱི་ཞིང་པ་ལས་མིའི་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    ཚེས་6ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ཀྱི་ཡན་ལག་ཚོགས་རར་ཕེབས་ནས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་པ་ལས་མི་དང་ཞིང་པ་ལས་མིའི་ལས་དོན་གྱི་སྔོན་ཐོན་མཉམ་འབྲེལ་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་གྲོལ་རྗེས། ཅང་ཅེས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་རང་ལྗོངས་ཀྱི་ཞིང་པ་ལས་མིའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག ཞིང་པ་ལས་མི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་ལ་ཞུགས་པའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ནས་སྔར་བས་མཐོ་བའི་སྤུས་ཚད་དང་སྔར་བས་ཆེ་བའི་ཕན་འབྲས་ཀྱིས་ཞིང་པ་ལས་མིའི་ལས་དོན་ལ་འགོ་ཡག་པོ་ཞིག་འཛུགས་དགོས་པ་དང་། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་གྱིས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དཀའ་གནད་དང་འགག་གནད་ཐག་གཅོད་བྱས་ནས་ཐབས་ལམ་བཤངས་ཏེ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ། ཞབས་ཞུའི་འགན་ལེན་ཐད་འབད་བརྩོན་བྱས་ནས་ཞིང་པ་ལས་མིའི་སྤྱི་པའི་ཞབས་ཞུ་དོ་མཉམ་གྱི་ཆུ་ཚད་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དུ་སྐྱོད་པའི་ཞིང་པ་ལས་མི་ཡོང་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། ཞིང་པ་ལས་མིར་རང་སྟོབས་རང་སྤེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ལས་བརྩོན་ཕྱུག་འགྱུར་གྱི་དར་སྲོལ་གསར་པ་ཁྱབ་གདལ་བཏང་ནས་ལས་དོན་ཁྲོད་འཇོན་ཐང་གི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་པ་ལས་མིར་དོ་ཁུར་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ་རྒྱ་ཆེའི་ཞིང་པ་ལས་མི་ཚོས་དུས་རབས་གསར་པའི་འཛུགས་སྐྲུན་མཁན་བརྩོན་ལེན་བྱེད་པར་ལྕག་སྐུལ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།