དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-01-12

    ཟླ་1ཚེས་10ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དང་པོ་དེ་ཡིན། ཉིན་དེའི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་ཕེབས་ཏེ་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་འཚམས་འདྲི་གནང་བར་ཕེབས་པ་རེད།

    “ཚང་མ་དུས་ཆེན་སྤྲོ་པོ་ཡོང་བ་ཤོག”“ལས་རེས་མི་སྣ་ག་ཚོད་ཡོད་དམ”“བདེ་སྲུང་གནས་ཚུལ་ག་འདྲ་རེད་དམ”སོགས་འཚམས་འདྲི་བྱ་ཡུལ་དུ་ཕེབས་རིམ་བཞིན་བློ་བཟང་རྒྱལ་མཚན་གྱིས་སྤྱི་བདེ་མི་དམངས་ཉེན་རྟོག་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་མ་ཟད། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད། གཞན་ཡང་། ཚང་མར་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་ཉེན་རྟོག་པའི་དར་ཆ་གནང་བའི་མཛད་སྒོའི་ཐོག་གསུངས་པའི་བསླབ་བྱའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་དགོས་པའི་བཀའ་མངགས་གནང་བ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་བློ་བཟང་རྒྱལ་མཚན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བརྙན་ལམ་བཀོད་གཏོང་གནས་ཚུལ་ལ་གཟིགས་པ་དང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “དུས་ཐེངས་ལྔའི་རིམ་བརྩེགས”ཀྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ལ་དམ་པོར་དམིགས་པ། རྒྱལ་ཁྱབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འགན་འཁྲི་དང་ལས་འགན་འཁུར་བ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དང་འབད་འབུངས་ལེགས་སྐྱེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྤྱི་འདོམས་བྱས་ནས་ཡག་པོ་སྒྲུབ་པ། སྤྱི་ཚོགས་ངོས་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་དང་སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཉིན་རེ་དང་། གཟའ་འཁོར་རེ། ཟླ་རེ་བཅས་ཀྱི་ལས་དོན་ཁྲོད་འགན་འཁྲི་འཁུར་ལུགས་མངོན་པ། ངོས་འཛིན་དང་། བྱ་ཐབས། ལས་དོན། ཕན་འབྲས་བཅས་གནད་ལ་འཁེལ་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་མི་དམངས་ཀྱི་བདེ་འཇགས་ཡག་པོ་སྲུང་བ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།