དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་རྩིས་བཤེར་དག་ཐེར་ལས་དོན་གྱི་ཆེད་དོན་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-11

     རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཚེས་8ཉིན་རང་སྐྱོང་ལྗོངས་ཀྱི་རྩིས་བཤེར་དག་ཐེར་ལས་དོན་གྱི་ཆེད་དོན་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རྩིས་བཤེར་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྩིས་བཤེར་དག་ཐེར་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་འགན་ལེན་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་ཏན་ཏིག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་རྩིས་བཤེར་ལས་དོན་གྱི་དམིགས་ཚད་འགན་ལེན་དང་རྩིས་བཤེར་གྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་བ་དང་། དབང་ཆ་ཚད་ལྡན་ངང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཅིག་ནས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་ཆབ་སྲིད་ཀྱི་ཚུགས་གནས་དེ་བས་མཐོ་བ་དང་། ལས་ཀའི་ཚད་གཞི་དེ་བས་ནན་པ། འགན་འཁྲི་ཁུར་སེམས་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་བླང་བྱ་ལྟར་རྩིས་བཤེར་དག་ཐེར་གྱི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་རྣམ་འགྱུར་ཐད་ནས་འགན་ཆེན་པོ་ཁུར་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་འགན་ཁུར་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་ཁུར་བ། བྱ་གཞག་ལ་འགན་ཁུར་བ། ལོ་རྒྱུས་ལ་འགན་ཁུར་བ། རྩིས་བཤེར་ལས་དོན་ལ་འགན་ཁུར་བ་བཅས་ཀྱི་ཡང་དག་པའི་རྣམ་འགྱུར་ལ་བརྟེན་ནས་རང་འགུལ་ངང་ངོས་ལེན་པ་དང་། རང་འགན་རང་འཁུར། རང་འགན་གཙང་སྒྲུབ། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་དག་ཐེར་ལས་དོན་ཁག་ལ་གཟབ་ནན་ངང་དམ་འཛིན་བྱས་ཐོག་དག་ཐེར་ལས་དོན་ཕྱི་ཚུལ་ཙམ་མིན་པ་དང་ཆད་ལུས་མེད་པའི་འགན་ལེན་བྱེད་དགོས། གསུམ་ནས་བྱ་སྤྱོད་ཐད་དག་ཐེར་མཐར་ཕྱིན་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་དག་ཐེར་གྱི་བསམ་བློ་བརྟན་པོ་བཙུགས་ཏེ་དག་ཐེར་ལས་དོན་དེ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ལ་བརྩིས་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འབྱུང་རྩ་ནས་སྔོག་པ་དང་གཅིག་ཤེས་ཀུན་གྲོལ་བྱས་ཏེ་ཕྱོགས་ཡོངས་དང་། རིམ་པ་ཟབ་པ། གནད་སྨིན་བཅས་ཀྱི་སྒོ་ནས་དག་ཐེར་གྱི་བླང་བྱ་དོན་འཁྱོལ་བྱས་ཐོག་དག་ཐེར་ལས་དོན་གྱི་ཕན་འབྲས་ལ་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐེག་པ་བྱེད་དགོས། བཞི་ནས་བྱེད་ཐབས་ཐད་ནས་སྟོན་ཕྱོགས་གཉིས་མཐའ་འཁྱོངས་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ལ་ཐད་ཀར་ཕྱོགས་ཏེ་དག་ཐེར་ལས་དོན་གྱི་འཇུག་གཞི་དང་ཤུགས་རྒྱག་ས་འཚོལ་མཁས་པོ་བྱེད་པ་དང་གནད་དོན་ལ་དམིགས་ནས་དག་ཐེར་གྱི་བྱེད་ཐབས་དང་དག་ཐེར་གྱི་དུས་ཚད་གནད་སྨིན་བཟོས་ཏེ་ཕན་པ་དངོས་གང་མགྱོགས་འཐོབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་མིག་སྔ་དང་ཕུགས་དང་། རྩ་ལག་མཉམ་བཅོས། ཆ་ཤས་དང་སྤྱི་ཡོངས་བཅས་ཀྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དག་ཐེར་གྱི་གོ་སྐབས་སྤྱད་དེ་ལས་དོན་ཚད་ལྡན་དང་། དོ་དམ་ལ་ཤུགས་སྣོན། ཕུགས་ཇུས་འདིང་བ་བཅས་བྱེད་དགོས། ལྔ་ནས་འགན་འཁྲིའི་ཐད་དམ་ནན་དང་དྲང་གཞག་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་གཞན་ལ་དཀྲི་ཐབས་མེད་པའི་བསམ་བློའི་ཐོག་ནས་དག་ཐེར་ལས་དོན་གྱི་འགན་འཁྲི་སེམས་ལ་ངེས་པ་དང་། ཕྲག་སྟེང་དུ་ཁུར་བ། ལག་ནང་དམ་པོར་འཛིན་པ་བཅས་བྱས་ཏེ་ཞིབ་འཇུག་གཏིང་ཟབ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། རང་ཉིད་དངོས་སུ་ཞུགས་པ་དང་སྣེ་ཁྲིད་དེ་དག་ཐེར་བྱས་ནས་ལས་འགན་ཁག་བགོས་དང་དུས་ཚོད་དང་མཚམས་ཚིགས་ལྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཐོག་སྤུས་ལེགས་དང་། ནུས་ཆེ། དུས་ཚད་དང་བླང་བྱ་ལྟར་རྩིས་བཤེར་དག་ཐེར་གྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།