དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་རེས་སྐོར་དགུ་པའི་སྐོར་གཟིགས་ཚུར་ལན་སྤྲོད་པའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-11

    ཟླ་1ཚེས་6ནས་ཚེས་8ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། ལྗོངས་སྤྱི་བདེ་ཐིང་བཅས་ལ་སྐོར་གཟིགས་གནས་ཚུལ་ཚུར་ལན་བྱས་ཤིང་། ཚོགས་འདུའི་ཐོག་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རེས་སྐོར་དགུ་པའི་སྐོར་གཟིགས་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚུར་ལན་སྤྲོད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་སྐོར་གཟིགས་དག་ཐེར་ཐད་བླང་བྱ་བཏོན་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། སྐོར་གཟིགས་དག་ཐེར་ནི“སྲུང་སྐྱོང་གཉིས”ལག་བསྟར་གྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་རང་ཉིད་ཀྱིས་སྒྲུབ་དགོས་པའི་བྱ་བ་དང་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་རེད། སྐོར་གཟིགས་བྱ་ཡུལ་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་ཚུར་ལན་སྤྲད་པའི་གནད་དོན་དང་བསམ་འཆར་ལ་དམ་པོར་དམིགས་པ། ལས་རིགས་དེ་ག་དང་ཁྱབ་ཁོངས་དེ་གའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིབ་བསྡུར་བཅས་བྱས་ཏེ་དག་ཐེར་ཐད“སྲུང་སྐྱོང་གཉིས”ཐུབ་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ། འགན་འཁྲི་ལག་བསྟར་བཅས་ཁྲོད་ཀྱི་ཆབ་སྲིད་ཐད་ཀྱི་ཧེ་བག་དང་། ལས་སྒོའི་ཐད་ཀྱི་མི་འདང་ས། བཅོས་སྐྱོང་ཐད་ཀྱི་ཞན་ཆ་བཅས་ཟུར་བསྟན་ལེབ་མཐོང་གིས་བཙལ་འཚོལ་དག་ཐེར་བྱེད་དགོས་པ་དང་། དག་ཐེར་ཁྲོད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱིས་སྐོར་གཟིགས་དག་ཐེར་གྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་མངགས་སྡོད་སྒྲིག་གཞིས་འཁྲིས་སུ་བཅར་བའི་ལྟ་སྐུལ་འགན་ནུས་འདོན་སྤེལ་བྱས་ནས་འགན་འཁྲི་བདའ་འདེད་ཀྱི་སྤུ་གྲི་ཡག་པོ་སྤྱོད་པ་དང་སྐོར་གཟིགས་དག་ཐེར་གྱི་དོན་ཚན་རེ་རེ་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།