དབུ་ཤོག>སྲིད་དོན།
  • ཀྲོང་ཡན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇཌ་བཀོད་འདོམས་པུའི་བརྙན་ལམ་བཀོད་གཏོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-02

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། 2020ལོའི་ཟླ་12ཚེས་31ཉིན་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས་2020ལོའི་ཟླ་12ཚེས་31ཉིན་འཚོགས་པའི་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྒྲུབ་ཚུལ་གྱི་སྙན་སེང་ཉན་པ། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་ནན་བཤད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་བསྐྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། 2021ལོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཧན་དང་། ཀྲང་ཧུང་པོ། དབང་ཡ་ལིན། བསོད་དར་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག 2020ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་སྤྱི་འདོམས་ནུས་ལྡན་འོག རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་དང་ལྗོངས་ཡོངས་ཀྱི་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དུས་བབ་ལ་ངོས་འཛིན་གསལ་པོ་ཐུབ་པ་དང་། འགན་འཁྲི་འཁུར་བར་ཤུགས་སྣོན་རྒྱག་པ། བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་རང་ལྗོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པས་ཁས་ལེན་གང་ལེགས་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུས་ཡོད། ལོ་མཇུག་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་གཏོང་བ། བསམ་བློར་ལྷོད་གཡེང་མི་གཏོང་བ་དང་། ལས་འགན་ལ་འགྱུར་ལྡོག་མི་གཏོང་བ། བྱེད་ཤུགས་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། བཀོད་སྒྲིག་ཞིབ་ཚགས་དང་ཕྱོགས་ཡོངས་ནས་འགོག་ཟོན་བྱས་ནས་ལོ་མཇུག་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གྱི“མཇུག་བསྡུའི་དམག་འཐབ”ཡག་པོ་བརྒྱབ་ནས་རྒྱལ་ཁབ་ཐོབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།