དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ལྕགས་ལམ་འཛུཌ་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ཚོཌ་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-28

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ལྕགས་ལམ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྐོར་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན། འབད་འབུངས་ཧུར་བརྩོན་གྱིས་སྔོན་བརྩོན་དངོས་སྒྲུབ། ལྗོངས་ཡོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལྕགས་ལམ་འཛུགས་སྐྲུན་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལྕགས་ལམ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཕར་རྩ་ཆེན་པོ་ཞིག་དང་། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་མཐུན་སྒྲིལ་གྱི་ལམ་ཞིག་དམངས་འཚོ་བདེ་ལ་འཁོད་པའི་བདེ་སྐྱིད་ཀྱི་ལམ་ཞིག་བཅས་རེད། དེས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ལྕགས་ལམ་རྣམ་གྲངས་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དང་དམངས་སེམས་འདུ་འགོད་ཇུས་འགོད་དང་བཀོད་སྒྲིག་ཅིག་ལ་བརྩིས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་ཞིབ་འཇུག་དང་སྐུལ་འདེད་ཐེངས་མང་བཏང་བ་དང་། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་བ། འཐབ་ས་དང་པོར་ཐེངས་མང་ཕེབས་ནས་ལས་དོན་ལ་མཛུབ་ཁྲིད་གནང་སྟེ་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་གསལ་པོ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་ཀྱི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས“མི་སྣ་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། དུས་དང་རྣམ་པ་ཀུན། ཕྱོགས་ཡོངས། བློ་སེམས་ཡོངས་རྫོགས”བཅས་ཀྱི་ཞབས་ཞུའི་རྩ་དོན་མཐའ་འཁྱོངས་ཀྱིས་ལྕགས་ལམ་རྣམ་གྲངས་དེ“མཐུན་སྒྲིལ་ལམ”དང“བདེ་སྐྱིད་ཀྱི་ལམ”ལ་འཛུགས་སྐྲུན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།