དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-26

    ཟླ་12ཚེས་23ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་བོད་ཀྱི་གནས་ཚུལ་དང་སྒྲིག་ཁྲིམས་ཀྱི་གནས་ཚུལ་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གི་གཙོ་གནད་ལས་འགན་ཁག་8གོ་རིམ་ལྡན་པའི་ངང་གསེད་བཀྲོལ་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ཁག་8ལ་དམིགས་ཏེ་ལྟ་སྐུལ་ལ་རྗེས་སྙེག་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པ་དང་། རིམ་ཁག་སྡེ་ཚན་ཁག་གིས་འགན་འཁུར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ཆེན་པོར་ཡུལ་དངོས་སུ་ལྟ་སྐུལ་དང་ལྟ་ཞིབ་བྱེད་པ། རིམ་ཁག་ཏང་ཨུད(ཏང་ཚོགས་ཆུང)ཀྱིས“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་དོན་འཁྱོལ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་པ་དང་། སྒྲིག་ཁྲིམས་ལས་འགལ་ནས་བསྐྲུན་པའི་སྤྲོ་ཁང་གི་གནད་དོན་གཙང་བཤེར་བཅོས་སྒྲིག་གི་གྲུབ་འབྲས་བརྟན་པོ་དང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་རྨོ་ཞིང་ལ་སྡོད་ཁང་རྒྱག་པ་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་སོགས་ཀྱི་འགན་འཁྲི་དང་། སྤྱོད་ཚུལ། རུལ་སུངས་བཅས་ཀྱི་གནད་དོན་རྩད་གཅོད་གཏིང་ཟབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།