དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-25

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། 2020ལོའི་ཁག་བགོས་སྡེ་ཚན་ཁག་གི་ལས་དོན་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་ལ་ཕྱོགས་སྡོམ་དབྱེ་ཞིབ་དང་། 2021ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གོ་རིམ་ལྡན་པའི་ངང་འཆར་འགོད། ཕྱི་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོར་ཞིབ་འཇུག་བྱས་ནས་གྲོས་འགོ་བཏོན་གནང་ཡོད།

    ཚོགས་འདུའི་ཐོག ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་ཉན་པ་རེད།

    ཚོགས་འདུའི་ཐོག 2021ལོ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ནང་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་ཡིན། ཁག་བགོས་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་བཏང་ནས་ལས་འགན་གཙང་སྒྲུབ་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་མ་འཇོག་བྱེད་ཤུགས་སྔར་བས་ནུས་ལྡན་ངང་ཆེ་རུ་གཏོང་དགོས་ཤིང་། མ་འཇོག་ཡར་སྐུལ་གྱི་འགག་རྩའི་འདེགས་སྐྱོར་ནུས་པ་དང་། ལྷག་པར་དུ་ཕྱིའི་རང་བཞིན་ཆེ་བ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་བའི་ཁྱབ་ཁོངས་ལ་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རྣམ་གྲངས་གནད་སྨིན་འཆར་འགོད་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་གསོན་ཤུགས་འཕེལ་བར་བྱེད་པ། མ་རྩ་མང་པོ་འཇོག་པའི་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་གཞུང་གི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་གནས་གཉིས་ཀར་སྐུལ་འདེད་གཏོང་བའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས། གཉིས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས་ཤིང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རར་ཞུགས་འཐུས་རིམ་བཞིན་རྒྱ་ཆེར་གཏོང་བ། འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་ནུས་ལྡན་གཏོང་བ། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འདོན་སྤེལ་གང་ལེགས་བཅས་བྱས་ནས་གསར་གཏོད་ལ་སྐུལ་གཏོང་དང་ལས་ཞུགས་ལ་སྐུལ་འདེད་སོགས་ཐད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ནུས་པ་གཙོ་བོ་རྒྱུན་མཐུད་འདོན་སྤེལ་བྱེད་དགོས། གསུམ་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ཏེ། བྱ་ཐབས་གསར་གཏོད་དང་གནད་སྨིན་འབྲེལ་མཐུད་ཤུགས་ཆེན་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཚོང་འགུགས་མ་འདྲེན་ཐད་ནུས་པ་གལ་ཆེན་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་ཆེན་པོ་རྒྱག་པ་དང་ཚོང་འགུགས་མ་འདྲེན་ཤུགས་ཆེན་བྱེད་པའི་ཐད་འབད་བརྩོན་ཧུར་ཐག་བྱས་ནས། སྤུས་ཚད་མཐོ་བའི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། བཞི་ནས་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་གཏོང་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱེད་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གདིང་རྩའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། སྲིད་ཇུས་ཀྱི་ཁེ་འབབ་དང་། སྒྱུར་བཅོས་ཀྱི་ལེགས་ཆ། ལས་ཐུབ་མི་འབོར་མང་བ་བཅས་ཀྱི་དགེ་མཚན་མུ་མཐུད་འདོན་སྤེལ་བྱེད་པ་དང་། དེ་བས་ལེགས་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཏན་ཏིག་སྣོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།