དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-17

    ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་ལྷ་སར་གྲོལ་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་2021ལོའི་ཟླ་1ཚེས་20ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་གསབ་སྣོན་གྱི་མཚན་ཐོར》བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འཚོགས་པ་ནི།

     ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། གནད་སྨིན་གནད་འཁེལ་ཞིབ་ཚགས་བཅས་ཀྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱི་གྲོས་ཞིབ་ལས་དོན་ལ་གཞིགས་ནས། ཚོགས་འདུ་མ་འཚོགས་གོང་འཐུས་མིས་གཅིག་སྡུད་ལྟ་ཞིབ་དང་ཆེད་དོན་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་ཏན་ཏིག་བྱེད་དགོས། ཕྱི་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྔོན་ཚུད་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ནས། “དོན་ཆེན་བཞིར”དམ་པོར་དམིགས་པ་དང་། “འགན་ལེན་བཞིར”དོ་ཁུར་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་། མི་རིགས་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པ། གྲོང་གསེབ་དར་རྒྱས། སྣོད་བཅུད་ཤེས་དཔལ། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་པ། “འགན་དབང་ཁག་བཞི”ཁྲིམས་ལྟར་སྒྲུབ་པ་བཅས་བྱས་ནས། ཕྱི་ལོའི་ལས་དོན་གྱི་འགོ་ཡག་པོ་འཛུགས་ཆེད་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་14ཉིན་གྱི་ཕྱི་དྲོར། བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་66པ་གཙོ་སྐྱོང་གནང་ནས། མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྩིས་ཡོད་པའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།