ཚེས་15ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་འབྲོག་ལས་ཕྱུགས་སྨན་ཚན་ཞིབ་ཀྱི་འཕེལ་རིམ་དང་། མཉམ་ལས་སྤེལ་རེས། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ཏང་ཀྲི་པུའུ་དང་བཞུགས་མོལ་ཡང་གནང་བ་རེད།
བརྟག་ཞིབ་བྱེད་རིང་ཡན་ཅིན་ཧའེ་སྔ་རྗེས་སུ་འདུས་རྡུལ་ཚོད་ལྟ་ཁང་དང་། ཀྲུང་ལུགས་སྨན་རྫས་འཁོར་ཁང་། དམར་དཔེ་ཁང་། འགྲེམས་སྟོན་ཁང་སོགས་སུ་ཕེབས་ནས་ལས་དོན་གནས་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་འབྲོག་ལས་ཕྱུགས་སྨན་ཞིབ་འཇུག་ཁང་གིས་འབྲི་གཡག་གི་ཐོན་ཁུངས་བརྟག་དཔྱད་དང་། རྒྱུད་སྤེལ། འགོ་ནད་འགོག་བཅོས་སོགས་ཐད་ཀྱི་ཞིབ་འཇུག་དང་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་འབྲེལ་རིགས་གཅིག་མཁས་ཅན་ཚོ་དང་འབྲེལ་ཡོད་གནད་དོན་ཐད་སྤེལ་རེས་གཏིང་ཟབ་ཡང་ཡང་གནང་བ་མ་ཟད། རང་ལྗོངས་ཀྱི་འབྲོག་ལས་ཚན་རིག་ཞིབ་འཇུག་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཕྱུགས་ལས་སུའོ་ཡི་རྒྱབ་ཕྱོགས་མཁོ་སྒྲུབ་ཏང་ཀྲི་པུའི་ཏང་ཡོན་ཡོངས་དང་བཞུགས་མོལ་གནང་སྐབས་ཡན་ཅིན་ཧའེ་ཡིས་ན་ནིང་ཏང་ཀྲི་པུའུ་དེ་རྗེས་ལུས་ཐེབས་པའི་ཏང་ཀྲི་པུར་གཏན་འཁེལ་བྱས་པ་ཤེས་རྟོགས་བྱུང་ནས་ཏང་ཀྲི་པུའུ་དེའི་གཞན་སྒྱུར་རིམ་སྤོར་དང་འདི་ལོའི་ལས་དོན་སྤེལ་ཚུལ་གསན་རྗེས་ཁོང་གིས་ཏང་ཀྲི་པུའུ་ནི་ཏང་གི་རྨང་གཞིའི་རྩ་འཛུགས་རེད་ལ། སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ཁྲོད་ཀྱི་ཏང་གི་དམག་འཐབ་མཁར་རྫོང་ཡང་ཡིན་པས་ཏང་ཀྲི་པུའུ་ལ་མཐོང་ཆེན་དང་། ཏང་ཀྲི་པུའུ་ལ་དམ་འཛིན་མཁས་པོ་བྱེད་པ་ནི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཐད་བྱང་ཆུབ་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་སྟབས་ཏང་ཀྲི་པུའུ་འཛུགས་སྐྱོང་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་ཀྲི་པུའུ་འཛུགས་སྐྱོང་གི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཅིག་ནས་ཆབ་སྲིད་ཀྱི“གོ་ཤེས་ཅན”བྱེད་དགོས་ཤིང་། ཆབ་སྲིད་ལ་སྣང་ཆེན་དང་། ཆབ་སྲིད་སྦྱོང་བ། ཆབ་སྲིད་བེད་སྤྱོད་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། སེམས་ལ་ཏང་ཡོད་པ། སེམས་ལ་མི་དམངས་ཡོད་པ། སེམས་ལ་འགན་འཁྲི་ཡོད་པ། སེམས་ལ་སྒྲིག་ཁྲིམས་ཡོད་པ་བཅས་བྱེད་དགོས་པ་དང་། གཉིས་ནས་ལམ་ལུགས་ཀྱི“ཚུལ་ལྡན་པ”བྱེད་དགོས་ཤིང་། ལམ་ལུགས་ལ་བརྟེན་ནས་ཏང་ཡོན་ལ་འཆུན་འདོམས་དང་དོ་དམ་བྱེད་པ་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སེམས་ལ་གུས་སྐྲག་ཡོད་པ་དང་། ལག་ཏུ་ཚད་ཤིང་ཡོད་པར་བྱས་ནས་རྩ་དོན་ཡོད་པ་དང་། མཐའ་ཚད་ཡོད་པ། སྒྲིག་ལམ་ཡོད་པ་བཅས་བྱེད་དགོས་པ། གསུམ་ནས་བྱ་སྤྱོད་ཀྱི“སྣེ་ཁྲིད་པ”བྱེད་དགོས་ཤིང་། ཏང་ཀྲི་པུའུ་ཧྲུའུ་ཅིས་རང་རྟོགས་ངང་ཏང་གཤིས་སྦྱོང་བརྡར་དང་དཔོན་པོའི་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རང་ཉིད་ངོ་མས་དམ་འཛིན་དང་། དམ་འཛིན་ནན་པོ། རྒྱུན་དུ་དམ་འཛིན། ཕྱོགས་ཡོངས་ནས་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱེད་དགོས་པ་དང་། ཀྲི་པུའི་ཁོངས་མིས་ཏང་ཡོན་གྱི་ཐོབ་ཐང་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་རང་འགུལ་ངང་ཏང་ཡོན་གྱི་འོས་འགན་སྒྲུབ་དགོས་པ། བཞི་ནས་མང་ཚོགས་ཀྱི“སྙིང་ཉེ་བ”བྱེད་དགོས་ཤིང་། མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་མཐའ་འཁྱོངངས་ཀྱིས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་དང་། ལག་གདང་སྦྲེལ་བ། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་ཁ་ཞེ་གཉིས་མེད་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་བློ་མི་བདེ་བའི་དོན་དག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཟམ་མི་ཆད་པར་འཐོབ་པར་བྱེད་དགོས།