དབུ་ཤོག>སྲིད་དོན།
  • ཆབ་སྲིད་ཀྱི་ལྟ་སྐུལ་ཟབ་ཏུ་གཏོང་རིང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-10

    ཟླ་12ཚེས་7ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་ཐེངས་15པ་འཚོགས་ནས། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཞའོ་ཁྲའོ་ཡིས་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་དོ་དམ་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་ཆབ་སྲིད་ལྟ་སྐུལ་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་གཅིག་སྡུད་སློབ་སྦྱོང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། བློ་མཐུན་དབྱང་ཞའོ་ཁྲའོ་ཡི་གསུང་བཤད་ཀྱི་དགོངས་དོན་གོ་རིམ་ལྡན་པའི་ངང་འཆད་འགྲེལ་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་གཟིགས་སྐོར་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ལྟ་སྐུལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ལས་འགན་ལ་བརྩི་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ཆབ་སྲིད་ཀྱི་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་པར། དང་ཐོག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པ་ཆབ་སྲིད་ཐད་ཡིད་ཆེས་དང་། བློས་འགེལ། བློ་བདེ་བཅས་བྱེད་ཆོག་པའི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ”མཐའ་འཁྱོངས་བྱས་ནས་ནང་ཁུལ་གྱི་ལྟ་སྐུལ་དང་འཆུན་འདོམས་ལ་ཤུགས་སྣོན་རྒྱག་དགོས། མཉམ་སྡེབ་འགོ་ཁྲིད་དང་ལས་བགོས་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྒྲིག་ལམ་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་པ་དང་འགན་སྒྲུབ་ཀྱི་ཁྱབ་ཁོངས་སུ་རང་འགན་རང་འཁུར་གྱིས་ལས་དོན་སྒྲུབ་དགོས། གྱོད་གཞི་སྒྲུབ་གཉེར་གྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་ཞིབ་བཤེར་བརྟག་དཔྱད་ལས་དོན་ལ་ཉན་ཞིབ་ཐེ་ཇུས་བྱེད་པར་གྱོད་ཐོ་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་དྲི་མི་རུང་བ་མི་འདྲི་བ་དང་། བལྟ་མི་རུང་བ་མི་ལྟ་བ། བཤད་མི་རུང་བ་མི་ཤོད་པ་བཅས་བྱེད་དགོས་པའི་སྐུལ་མ་གཏོང་དགོས། གྲི་དངོ་ནང་གཏད་མཐའ་འཁྱོངས་བྱས་ཏེ། གྱོད་གཞིའི་གནས་ཚུལ་ཕྱིར་གྱར་བ་དང་། ངོ་སོའི་གྱོད་གཞི་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་བྱེད་པ། གྱོད་གཞིར་བརྟེན་ནས་སྒེར་དོན་སྒྲུབ་པ་བཅས་ཀྱི་གནད་དོན་གཅིག་ཤེས་ཚེ། དེ་ཞིབ་བཤེར་ཐག་གཅོད་ནན་པོ་དང་། རྒྱ་ཡན་དུ་མི་གཏོང་བ་དང་སྙིང་རྗེ་གཏན་ནས་མི་བྱེད་པར“ཕུང་འདྲེ”རྩ་མེད་མཐའ་གཅིག་ཏུ་བཟོ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།