དབུ་ཤོག>སྲིད་དོན།
  • ཀྲུང་གོ་མི་དམངས་དངུལ་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-10

    མི་དམངས་ཤོག་སྒོར་གྱི་འགྲོ་རྒྱུག་སྒྲིག་ལམ་སྲུང་སྐྱོང་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཡུལ་སྐོར་དང་། བཟའ་བཏུང་། སིལ་ཚོང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལས་རིགས་དང་། དེ་བཞིན་སྲིད་འཛིན་བྱ་གཞག་དང་སྤྱི་པའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་དངུལ་སྨར་བསྡུ་སྤྲོད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་གོ་མི་དམངས་དངུལ་ཁང་གི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཤོག་སྒོར་གྱི་དོ་དམ་སྲོལ་ཡིག》བཅས་གཞིར་བཟུང་ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དངུལ་ལོར་ནི་མི་དམངས་ཤོག་སྒོར་ཡིན་པ་དང་། དེའི་ནང་ཤོག་སྒོར་དང་ཊམ་ཀ་ཚུད་ཡོད(གཤམ་དུ་དངུལ་སྨར་ཅེས་བསྡུ་རྒྱུ) ཁྲིམས་ལྟར་དངུལ་སྨར་གཏོང་སྤྲོད་མིན་པའི་ཡོ་ཆས་སྤྱོད་དགོས་པའི་གནས་ཚུལ་ཕུད། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་སྲོལ་ཡིག་དང་། བརྡ་ཐོ། གསལ་བསྒྲགས། བརྡ་ཁྱབ་སོགས་ཀྱི་བྱེད་ཐབས་ཐོག་ནས་དངུལ་སྨར་མི་ལེན་པ་བྱེད་མི་ཆོག

    གཉིས། དངུལ་སྨར་གཏོང་སྤྲོད་དང་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བདེ་འཇགས་ཁྲིམས་མཐུན་གྱི་དངུལ་སྨར་མིན་པའི་གཏོང་སྤྲོད་ཡོ་ཆས་སྤྱོད་རྒྱུར་སྐུལ་ལྕག་བྱས་ཏེ་མི་དམངས་མང་ཚོགས་དང་འཛད་སྤྱོད་པའི་གཏོང་སྤྲོད་བྱེད་ཐབས་ཐད་ཀྱི་གདམ་གའི་དབང་ཆ་འགན་ལེན་བྱེད་དགོས། རང་མོས་དང་། འདྲ་མཉམ། གཞུང་དྲང་། ཡིད་རྟོན་བཅས་གྲོས་མཐུན་གཅིག་གྱུར་བྱུང་རྗེས། དྲ་སྦྲེལ་སོགས་ཆ་འཕྲིན་དྲ་བའི་བྱེད་ཐབས་དང་མི་མེད་བྲིན་ཚོང་བྱེད་ཐབས་ཐོག་ནས་ཚོང་ཟོག་གམ་ཡང་ན་ཞབས་ཞུ་མཁོ་འདོན་དང་ཁྲིམས་གཏན་འགན་འཁྲི་སྒྲུབ་དགོས། དངུལ་སྨར་བསྡུ་ལེན་གྱི་ཆ་རྐྱེན་མེད་ཚེ། དངུལ་སྨར་མིན་པའི་གཏོང་སྤྲོད་ཡོ་ཆས་སྤྱོད་ཆོག དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་ཁང་མིན་པའི་གཏོང་སྤྲོད་སྒྲིག་གཞིས་ཚན་པ་དང་མི་སྒེར་ལ་དངུལ་སྨར་མི་ལེན་པའམ་ཡང་ན་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་སྤྱད་ནས་དངུལ་སྨར་མི་ལེན་པའི་བླང་བྱ་འདོན་པའམ་བསླུ་བྲིད་བྱེད་མི་ཆོག

    གསུམ། ཚན་པ་དང་མི་སྒེར་སུ་ཞིག་ལ་དངུལ་སྨར་མི་ལེན་པའམ་ཡང་ན་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་ཐོག་ནས་དངུལ་སྨར་ཟུར་འབུད་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་ཚེ། སྤྱི་བསྒྲགས་དེ་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་གི་ཟླ་བ་གཅིག་ནང་བཅོས་སྒྲིག་བྱེད་དགོས། བཅོས་སྒྲིག་དུས་བཅད་འཐིམས་ཀྱང་སྔར་བཞིན་གོང་གསལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་ཚེ། ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་ཉིང་ལག་སྒྲིག་གཞིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་།

    དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཁ་པར། 12363

    དངུལ་དམར་མི་བསྡུ་བ་བཅོས་སྒྲིག་གི་ཐེར་འདོན་ཁ་པར། 0891—6323198 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།