དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-09

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་འཛུགས་སྐྲུན་ས་ཆའི་སྤྱོད་དབང་ནང་བཤུག་དང་། བོགས་མར་གཏོང་བ། གཏའ་མར་འཇོག་པ་བཅས་ཀྱི་རིམ་པ་གཉིས་པའི་ཁྲོམ་རའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཅང་ཅེས། ས་ཆའི་ཁྲོམ་ར་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་གཙོ་རྒྱུའི་ཁྲོམ་རའི་གྲུབ་ཆ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ས་ཆའི་རིམ་གཉིས་ཁྲོམ་ར་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་འཛུགས་སྐྲུན་ས་ཆ་སྤྱོད་དབང་ནང་བཤུག་དང་། བོགས་མར་གཏོང་བ། གཏའ་མར་འཇོག་པ་བཅས་རིམ་པ་གཉིས་པའི་ཁྲོམ་ར་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གང་མགྱོགས་བཏང་སྟེ་ཉོ་འཚོང་སྒྲིག་སྲོལ་དང་འདྲ་མཉམ་འགྲན་རྩོད་ཀྱི་ལམ་སྲོལ་འཛུགས་པ་དང་། ཞབས་ཞུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ས་སྤྱོད་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།