དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐོར་གཟིགས་ལྟ་སྐུལ་འབྲེལ་མཐུད་མཉམ་འདྲེས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2020-12-03

    ཟླ་11ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐོར་གཟིགས་ལྟ་སྐུལ་འབྲེལ་མཐུད་མཉམ་འདྲེས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་མངགས་པའི་སྐོར་གཟིགས་མཛུབ་ཁྲིད་ལྟ་སྐུལ་ཚོགས་ཆུང་དགུ་པ་དང་སྤེལ་རེས་གཏིང་ཟབ་བྱས་ནས “ལྟ་སྐུལ་བཞི”འབྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཝང་ཝུའེ་ཏུང་གིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྐོར་གཟིགས་སྐོར་ཞིབ་ལས་ཁུངས་ཀྱིས“ལྟ་སྐུལ་བཞི”འབྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཀྲུང་དབྱང་སྐོར་གཟིགས་ལས་ཁུངས་ཀྱི་འབྲེལ་མཐུད་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་སྟངས་འཛིན་གྱིས་བེད་སྤྱོད་གཏོང་བ་དང་། “མི་བྱེད་པ་གསུམ”གཞི་གཅིག་གི་སྐུལ་འདེད་དེ་ལས་ཀའི་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་གྱི་ཁུངས་སྣེ་གནད་སྨིན་ཤེས་རྟོགས་དང་ཉེས་ཆད་ནན་པོ་དང་བཅོས་སྐྱོང་ནན་པོ་ཟུང་འབྲེལ་བྱེད་པ། “སྲུང་སྐྱོང་གཉིས”དང“འགག་རྩའི་ཉུང་ཤས”ལ་དམ་པོར་དམིགས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་གནད་དོན་ལ་ཞིབ་ལྟ་དང་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་པ། གནད་དོན་གྱི་ཁུངས་སྣེ་བརྡ་ཁྱབ་དང་སྐྱེལ་སྤྲོད་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས“རུལ་སུངས་བྱེད་མི་ཕོད་པའི”ཟིལ་ཤུགས་ཆེ་རུ་གཏོང་དགོས། ལྟ་སྐུལ་ནན་པོ་བྱ་རྒྱུ་དང་སྒྲིག་ཁྲིམས་ལས་འགལ་ན་ཆད་པ་གཅོད་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། ལས་བྱེད་པས་རུལ་འགོག་འགྱུར་ཟོན་དེ་བྱ་སྤྱོད་ཀྱི་གོམས་སྲོལ་ནས་བསམ་བློའི་རང་རྟོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།