དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་མཐའ་དར་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-28

     ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གཞིས་རྩེའི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་ཕེབས་ནས་མཐའ་དར་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    མེས་རྒྱལ་གྱི་ལྷོ་ནུབ་རྒྱལ་སྒོ་སྲུང་མཁན་མཐའ་མཚམས་གྲོང་ཚོའི་གྲས་ཤིག་ཡིན་པའི་གྲོ་མོ་རྫོང་གྲོ་མོ་སྨད་ཤང་བང་མདའ་གྲོང་ཚོ་ནི་མཐའ་སྲུང་མཐའ་བརྟན་མཐའ་དར་བཅས་ཀྱི་གཡུལ་ས་མདུན་མ་ཞིག་རེད། གྲོང་མི་སྐལ་བཟང་གཡུ་སྒྲོན་གྱི་དཀར་ཆ་དོད་ལ་རྒྱ་ཆེ་བའི་སྡོད་ཁང་གསར་པའི་ནང་བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྐལ་བཟང་གཡུ་སྒྲོན་ཁྱིམ་གྱི་བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཀྱི་ཁྱིམ་ཆས་ཚང་མ་ཆ་ཚང་པོ་ཡོད་པ་དང་སྤུས་ལེགས་ཀྱི་བོད་བཟོའི་ཁྱིམ་ཆས་སྒྲིག་པ་གཟིགས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཐུགས་སྣང་གཤིན་པོའི་ངང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་བཅངས་པ་དང་ཏང་གི་སྲིད་ཇུས་ལ་བརྟེན་ནས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་བློ་བཟང་རྒྱལ་མཚན་གྲོ་མོ་རྫོང་གི་མཐའ་སྲུང་དཔུང་སྡེའི་ལས་སྒྲུབ་ས་ཚིགས་སུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་པ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་མཐའ་སྲུང་དཔོན་དམག་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁྱེད་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་དམག་དཔུང་དང་

     སྲིད་གཞུང་མཐུན་སྒྲིལ་དང་དམག་དཔུང་དང་མི་དམངས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་སྐྲུན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྲོ་མོ་རྫོང་དུད་སྣ་ཤང་རྒུ་རུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དང་། གྲོ་མོའི་ཉ་གསོ་ཚགས་ཁང་། གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་ཏང་ཀྲི་པུའུ། ཁང་དམར་རྫོང་བྱེ་རྡོ་ལས་སྣོན་བཟོ་གྲྭ རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཁྲང་སྒོ་གྲོང་ཚོའི་ལུག་དུས་ཐུང་རྒྱགས་གསོ་རྟེན་གཞི། རྣམ་གླིང་རྫོང་ཨེ་མ་ཤང་ཤར་ཁང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་སོགས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྱིམ་ཚང་དང་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་ཡང་གནང་བ་རེད།

    བློ་བཟང་རྒྱལ་མཚན་ད་དུང་ཁང་དམར་རྫོང་ས་ཕུད་སྒང་ཤང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་དུ་ཕེབས་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལས་འགན་བསྒྲུབས་པ་དང་ལས་དོན་ཁག་ལ་ཤུགས་སྣོན་དང་གོང་མཐོར་གཏོང་བའི་ཐད་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་པ་དང་ཚོགས་འདུའི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལྟེ་བའི་ནང་དོན་ཁོང་དུ་ཆུད་པ། ལས་ཀའི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཏེ་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་ཁྲིམས་ལྟར་འགན་འཁྲི་འཁུར་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་རིག་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།