2015ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམིགས་པ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྐྱེ་བོ་ཀུན་གྱིས་མཐོང་བ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རླབས་ཆེན་གྱི་ལག་ལེན་དངོས་ནང་ལས་རིགས་ཁག་ནས་ལས་གཅེས་ལས་བཀུར་དང་། བློ་བརྟན་གསར་གཏོད། འགན་འཁུར་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེལ་འབུལ་བ་བཅས་བྱེད་མཁན་གྱི་སྔོན་ཐོན་དཔེ་མཚོན་མི་སྣ་འབོར་ཆེན་ཐོན་ཡོད། ཁོང་ཚོ་ནི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཕུལ་བྱུང་འཐུས་མི་དང་དུས་རབས་ཀྱི་མིག་དཔེ་ཡིན་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་པ་ཅན་ཡང་ཡིན། ཁོང་ཚོས་རང་ངོས་ཀྱི་དཔེ་བཟང་བྱ་སྤྱོད་དང་བླ་ན་མེད་པའི་གཤིས་རྒྱུད་ལ་བརྟེན་ནས་ཀྲུང་གོ་མི་དམངས་ལ་ལྡན་པའི་རླབས་ཆེན་གྱི་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས།
རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་ལ་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་དང་། རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ཀྱིས་ལྟེ་བ་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད། ཁོ་ཚོའི་མངོན་གསལ་དོད་པའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་བཀུར་སྲོལ་རྒྱུན་གཏོད་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་དངོས་ལ་ཧུར་ཐག་ཞུགས་པར་སྔར་བས་ལྕག་སྐུལ་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སུན་ཙེ་ཀྲོའུ་སོགས་མི་1689ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་སྤྲོད་པ་དང་ཙེང་ཞའོ་ཕེང་སོགས་མི་804ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་མཚན་སྙན་འཐོབ་མཁན་བློ་མཐུན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། གཟི་བརྗིད་ལ་གཅེས་འཛིན་གྱིས་མུ་མཐུད་འབད་འབུངས་བྱེད་པ། རྩོལ་ཤུགས་དང་། ངར་ཤུགས། བརྩོན་ཤུགས་བཅས་ལ་བརྟེན་ནས་མི་དེ་བས་མང་བར་ལྕག་སྐུལ་བྱེད་པ། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་དུས་རབས་གསར་པའི་འབད་འཐབ་བྱེད་པོ་བརྩོན་ལེན་བྱེད་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་རེ་ཡོད།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མིག་དཔེར་འཛིན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ལྷག་བསམ་རྣམ་དག་གིས་ངལ་རྩོལ་བྱེད་པ་དང་ལས་ལ་བརྩོན་ནས་དེ་བས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་རྒྱུན་སྲིང་ལྷོད་མེད་ངང་འབད་འཐབ་བྱེད་དགོས།