དབུ་ཤོག>སྲིད་དོན།
  • ཅང་ཅེ་ཡིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-19

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་དཔའ་ཤོད་རྫོང་དུ་སྔ་རྗེས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། འཇོ་མདའ་རྫོང་སྐམ་ཐོག་ཁྱད་ལྡན་གྲོང་རྡལ་ཆུང་བའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་དང་དཔའ་ཤོད་རྫོང་དཔའ་ཤོད་དུང་དཀར་ཨར་འདམ་བཟོ་གྲྭ་དང་། དཔའ་ཤོད་སྐྱེལ་འདྲེན་ཀུང་སི། ན་གཞོན་གསར་གཏོད་བརྡ་ཆ་སྨྱན་སྦྱོར་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་གཟིགས་ཞིབ་གནང་སྟེ་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་། ཞིང་འབྲོག་པ་གཞན་སྒྱུར་ལས་ཞུགས། དེ་བཞིན་སློབ་ཆེན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མི་སྤྱོད་ཁེ་ལས་ཀྱི་འགན་འཁུར་བ་དང་བཀའ་མོལ་གནང་ནས་བསམ་འཆར་དང་གྲོས་འགོར་གསན་པ་རེད།

    ཅང་ཅེ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་། གྲོང་གསེབ་དར་རྒྱས་གཏོང་བ་བཅས་དང་ཟུང་འབྲེལ་གྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གནད་སར་འཁྱོལ་བར་བྱས་ནས་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ལ་རམ་འདེགས་བྱས་ནས་ལས་གནས་བརྟན་དུ་བཏང་སྟེ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་གྱིས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལེགས་ལྡན་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལ་སྣང་ཆེན་གྱིས་ཐོན་ལས་གོང་འཕེལ་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྣེ་ཁྲིད་བྱེད་དགོས། མཐིལ་རྟོགས་གསེད་བཀྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གནས་ཀྱི་ཆ་འཕྲིན་དང་མི་སྤྱོད་ཀྱི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་དང་གནས་ཚུལ་གསལ་རྟོགས་བྱས་ནས་ངལ་ནུས་ཕྱིར་གཏོང་གི་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་བཏོན་ཏེ་མཁོ་སྤྲོད་གནད་སྨིན་ལ་འབྲེལ་མཐུད་གང་ཐུབ་བྱེད་དགོས། ལས་ཞུགས་ཀྱི་ཞབས་འདེགས་ཞུ་ནུས་སྔར་བས་ཆེ་རུ་བཏང་ནས་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་དང་། ངལ་རྩོལ་པའི་བྱང་ཚད་རྩལ་ནུས་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་གོ་སྐབས་རྒྱ་སྐྱེད་གཏོང་བའི་སྒོ་ནས་ངལ་རྩོལ་བའི་རྩལ་ནུས་དང་ལས་གནས་ཀྱི་དགོས་མཁོ་ཕན་ཚུན་གཞོགས་འདེགས་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ལ་གསེད་བཀྲོལ་དང་། སྲིད་ཇུས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་མ་གཏོང་བ། གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བཅས་བྱས་ཏེ་འཇོན་ཐང་ལྡན་པའི་ཤེས་ལྡན་པ་སྔར་བས་མང་བ་ཕ་ཡུལ་དུ་ལོག་ནས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།