དབུ་ཤོག>སྲིད་དོན།
  • ཅང་ཅེས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-04

    ཟླ་10ཚེས་29ཉིན་ནས་ཟླ་11ཚེས་1ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་བསམ་གྲུབ་རྩེ་ཆུས་ལ་སྔ་རྗེས་སུ་ཕེབས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཛུགས་སྐྲུན་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཅང་ཅེས་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་གྱི་གྲོང་ལྷན་དང་གྲོ་མོ་རྫོང་གི་གྲོ་མོའི་ཉ་གསོ་ཚགས་རྟེན་གཞིར་ཕེབས་ཏེ། གྲོ་མོ་རྫོང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་གྲོ་མོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་འཛུགས་སྐྲུན་དང་ལྷག་དོན་དུ་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་ཚུགས་པ་དང་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་ཁྱད་ལྡན་གྱི་གྲོ་མོའི་ཉ་གསོ་ཚགས་བྱས་པར་ཁས་ལེན་གང་ལེགས་གནང་བ་འབྲེལ་ཁེ་ལས་ཀྱིས་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་། གསོ་ཚགས་གཞི་ཁྱོན་ཆེ་རུ་གཏོང་བ། གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་རྒྱུར་ལྕག་སྐུལ་ཡང་གནང་བ་རེད། བསམ་གྲུབ་རྩེ་ཆུས་བོད་ལྗོངས་ཅུན་ཐའེ་ལས་གྲྭ་ཇུས་འགོད་ཚད་ཡོད་ཀུང་སི་དང་། ཧྲང་ཨན་གསོ་སྦྱོང་སློབ་གྲྭ ནས་ཀུན་གཏོད་བར་མཐོངས་བཅས་སུ་བརྟག་ཞིབ་གནང་སྐབས། ཅང་ཅེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་དང་ལས་ཞུགས་པར་མཛའ་བརྩེའི་བཀའ་མོལ་གནང་ནས་ལས་གཏོད་ལས་ཞུགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། གཞིས་རྩེའི་ལས་གཏོད་སློབ་ཆེན་སློབ་མས་གཉེར་བའི་ཁེ་ལས་ལ་མཁྱེན་རྟོགས་གནང་བ་དང་ཆབས་ཅིག བོད་ལྗོངས་ནང་ཁུལ་དང་དེ་བཞིན་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་ཆེན་སློབ་མ་ལས་ཞུགས་དང་ལེན་བྱས་པ་མཁྱེན་རྟོགས་བྱུང་རྗེས། ཅང་ཅེས་དགའ་ཚོར་ཆེན་པོས་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་། ཞུགས་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ། སྒུག་བརྟེན་མི་བྱེད་པ། རང་བརྟེན་ལས་གཏོད་ལས་ཞུགས་བཅས་བྱེད་པའི་སློབ་ཆེན་སློབ་མའི་ཡར་བརྩོན་གྱི་བྱ་སྤྱོད་ལ་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ནང་སའི་སློབ་ཆེན་སློབ་མས་མཐའ་མཚམས་སུ་གཞིས་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་པར་ལྕག་སྐུལ་དང་ལྗོངས་ཕྱི་ནང་གི་སློབ་ཆེན་སློབ་མའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཡང་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།