དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་གོ་འཇོ་རྫོང་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-11-02

    ཟླ་10ཚེས་26ནས་28ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་གོ་འཇོ་རྫོང་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ཉམས་སུ་མྱོང་བ་དང“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱས་ཏེ་གོ་འཇོའི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཅང་སྔ་རྗེས་སུ་སྐྱ་འབེལ་ཤང་དང་། བསམ་གྲུབ་མར་གྲོང་ཚོ། ཐང་སྐུ་དགོན། རྫོང་ཨུད་གཞུང་ལས་ཁང་། ལྷ་རྒྱལ་ཤང་རྒྱབ་རི་གྲོང་ཚོ་བཅས་དང་མང་ཚོགས་དུད་ཚང་4ཡི་ཁྱིམ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་མང་ཚོགས་ཁྲོད་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གསོན་ཉམས་ལྡན་པའི་ངང་སྒྲོག་འགྲེལ་གནང་བ་རེད།

    ལིའུ་ཅང་གིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དུས་རབས་ལས་བརྒལ་བའི་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་དང་། བོད་ཀྱི་ལས་དོན་ལ་ཐོབ་པའི་ཕྱོགས་ཡོངས་ཡར་ཐོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་བཀོད་སྒྲིག་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ཆབ་སྲིད་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ངེས་གནས་ཆེ་རུ་ཧུར་ཐག་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།