དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོལ་འགྲེལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2020-10-30

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་འཕྱོངས་དགའ་སྟེང་སྡེ་ཁུལ་དུ་གཞི་རིམ་གྱི་ལས་བྱེད་དང་མང་ཚོགས་ལ་ངོ་ཐུག་གདོང་འཕྲད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོལ་འགྲེལ་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བོད་གསར་རྙིང་སྡུར་བ་དང་། ལྗོངས་ཕྱི་ནང་གི་རིམ་པ་གཅིག་མཚུངས་བར་གྱི་སྡུར་བའི་ཁྲོད་ཚང་མ་དང་མཉམ་དུ་ཞི་བའི་བཅིངས་འགྲོལ་བཏང་ཚུན་གྱི་བོད་ཀྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་འགྱུར་ལྡོག་ཆེན་པོར་ཕྱིར་དྲན་གནང་བ་དང་། ཏང་ཀྲུང་དབྱང་གིས་དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རིང་དམིགས་བསལ་གྱི་ཐུགས་ཁུར་གནང་བར་ཐུན་མོང་ཐོག་མྱོང་རོལ་གནང་བ་རེད། ཁོང་གིས་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ“ཚོགས་འདུ་ཐེངས་དྲུག་པ”འཚོགས་ཚུན། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ཆེས་རྩ་བ་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆར་རག་ལས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས“སྲུང་སྐྱོང་གཉིས”ཐུབ་པ་དུས་གང་རུང་ཞིག་ཏུའང་ང་ཚོས་ཉེན་ཁ་དང་འགྲན་སློང་བཀག་འགོག་དང་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ“ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་དང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བརྒྱུད་འབད་འབུངས་ཡར་བརྩོན་དང་འབད་འབུངས་མདུན་སྐྱོད་ཀྱིས་ཕྱར་བ་གྲུ་འདེགས་ངང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།