དབུ་ཤོག>སྲིད་དོན།
  • ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-27

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ལྗོངས་ཏང་ཨུད་གཞུང་དོན་ཐིང་མི་དོན་ཁྲུའུ་དང(ལས་ཁུངས་ཏང་ཨུད)ལྗོངས་ཏང་ཨུད་གཞུང་དོན་ཐིང་དུ་བཅའ་སྡོད་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཏང་ཀྲི་པུའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས། ཀྲི་པུའི་ཏང་ཡོན་དང་མཉམ་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་གནང་བ་དང་འབྲེལ་མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད།

    ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག ཀྲི་པུའི་ཏང་ཡོན་ཚོས་གཏམ་བཤད་ལྷུག་པོར་སྤེལ་བ་དང་། ཀྲི་པུའུ་དང་མི་སྒེར་གྱི་ལས་དོན་དང་སློབ་སྦྱོང་གནས་ཚུལ་སྙན་སེང་ཞུས་པ་རེད། ཡན་ཅིན་ཧའེ་ཡིས་ཁོང་ཚོའི་གཏམ་བཤད་གསན་ཞོར་དུ་ཟིན་བྲིས་བསྐྱོན་པ་དང་། ད་དུང་ཁོང་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བློ་གཅིག་སེམས་གཅིག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་ཟབ་མོ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“ངེས་པར་དུ་བཅུ”ལ་འཐབ་ཇུས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། གསར་གཏོད་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ལྡན་ཡོད་པས་དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི“རྩ་དོན”དང“བླ་སྲོག”ལྟ་བུ་ཡིན་པ་ཤེས་པར་བྱས་ཏེ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་སྟེ་ལས་ཀའི་ལག་ལེན་དངོས་ཁྲོད་དོན་འཁྱོལ་ཡག་པོ་བྱེད་དགོས། བློ་གཅིག་སེམས་གཅིག་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཕྱོགས་བསྡུས་ཇུས་བསྟར། ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་བཅས་བྱས་ཏེ་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས། བློ་གཅིག་སེམས་གཅིག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་སེམས་ཀྱི་བརྟེན་ས་དང་བློ་ཁ་ཕྱོགས་ས་ཡིན་པ་ཤེས་དགོས། བློ་གཅིག་སེམས་གཅིག་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་གཏོང་བཅས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པའི་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་དེ་བས་ཆེ་བ་བཅས་ལ་བརྟེན་ཏེ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གནས་ཚད་དེ་བས་མཐོ་བ་བཅས་ཡོང་བར་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།