དབུ་ཤོག>སྲིད་དོན།
  • ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས“འཆད་ཁྲིད་དགེ་རྒན་ཚོགས་པ”བོད་དུ་སྐོར་གཟིགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཆེད་དོན་གསོ་སྦྱོང་བྱེད་པར་མངགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-10-20

    ཉེ་ཆར། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་མེའོ་ཆིང་དབང་གིས་སྐོར་གཟིགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཆེད་དོན་གསོ་སྦྱོང་གི་ཟུར་ཁྲིད་ཐོག་མ་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་གིས་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཡུང་ཆི་དང་སྐོར་གཟིགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དགུ་པའི་ཁོངས་མི་ཡོངས་ཚོགས་འདུར་ཞུགས་པ་རེད།

    མེའོ་ཆིང་དབང་གིས་བརྗོད་དོན། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་དང་ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་དམིགས་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བའི་ལྟ་སྐུལ་བྱེད་དགོས། གོང་འོག་མཉམ་འགུལ་དང་འབྲེལ་མཐུད་མཉམ་འདྲེས་རྒྱུན་འཁྱོངས་བྱས་ཏེ་སྐོར་གཟིགས་སྐོར་ཞིབ་མ་ལག་གི་ནུས་པ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ལས་སྟེགས་ཀྱི་ནུས་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་འཐབ་ཇུས་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས། སྐོར་གཟིགས་སྐོར་ཞིབ་ལས་དོན་ཚད་ལྡན་ཅན་དུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྐོར་གཟིགས་སྐོར་ཞིབ་དཔུང་ཁག་ཧུར་ཐག་བཙུགས་ཏེ་དུས་རབས་གསར་པའི་སྐོར་གཟིགས་སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།