བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གི་གཏན་འབེབས།
གཅིག 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།
དོན་ཚན་བཅུ་བཞི་པའི་ནང་གསེས་གཉིས་པ། “ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་ལས་འགན་འཁུར་ཡུན་ལོ་ལྔ་ཡིན་པ་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྟུད་མར་འདེམས་ཆོག་པ་དང་བསྟུད་མར་འགན་འཁུར་ཆོག་པ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།
གཉིས། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།
དོན་ཚན་བཅུ་གཉིས་པ། “གྲོང་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་ལས་འགན་འཁུར་ཡུན་ལོ་ལྔ་ཡིན་པ་དང་དེའི་ཁོངས་མི་བསྟུད་མར་འདེམས་ཆོག་པ་དང་བསྟུད་མར་འགན་འཁུར་ཆོག་གི་ཡོད། ཁོངས་མི་ཆད་པའམ་ཡང་ན་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་མུ་མཐུད་ལས་གནས་འཁུར་མི་ཐུབ་པའི་སྐབས་གྲོང་མིའི་ཚོགས་འདུའི་ཐོག་དུས་ཐོག་ཏུ་གསབ་འདེམས་བྱེད་དགོས། གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་གྲོང་མིས་འོས་འདེམས་བྱ་རྒྱུ་དང་འགན་འཁུར་ཡུན་ལོ་ལྔ་ཡིན་ལ་བསྟུད་མར་འདེམས་ཆོག་པ་དང་བསྟུད་མར་འགན་འཁུར་ཆོག་གི་ཡོད”ཅེས་པར་བཟོ་བཅོས་རྒྱག་རྒྱུ།
གསུམ། 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱེད་ཐབས》ལ་བཟོ་བཅོས་རྒྱག་རྒྱུ།
དོན་ཚན་བཞི་པའི་ནང་གསེས་གཉིས་པ། “ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྐབས་རེའི་ལས་འགན་འཁུར་ཡུན་ལོ་ལྔ་ཡིན་པ་དང་དུས་ཚད་ཐིམ་རྗེས་དུས་ཐོག་ཏུ་འདེམས་བསྐོ་བྱེད་དགོས། ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྟུད་མར་འདེམས་ཆོག་པ་དང་བསྟུད་མར་འགན་འཁུར་ཆོག་གི་ཡོད”ཅེས་པར་བཟོ་བཅོས་རྒྱག་རྒྱུ།
གཏན་འབེབས་དེ་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱེད་ཐབས》བཅས་ལ་གཏན་འབེབས་དེ་གཞིར་བཟུང་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ནས་བསྐྱར་དུ་ཡོངས་བསྒྲགས་བྱ་རྒྱུ་རེད།