དབུ་ཤོག>སྲིད་དོན།
  • ཅང་ཅེས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་རྣམ་གྲངས་ཀྱི་ཨར་པོ་རྒྱག་ཡུལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-21

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་རྣམ་གྲངས་ཀྱི་ཨར་པོ་རྒྱག་ཡུལ་དུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བར་མཛུབ་ཁྲིད་གནང་བ་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ཞིང་པ་ལས་མིའི་ལས་ཞུགས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་རྣམ་གྲངས་ནི་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེན་པོར་ཕྱག་རྟགས་འབུལ་བའི་ལས་གྲྭ་ཞིག་རེད། ལས་གྲྭ་འགོ་ཚུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་འཛུགས་སྐྲུན་བྱེད་མཁན་ཚན་པ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་དང་། རྒྱ་ཆེའི་ཨར་པོ་བས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་ལས་གྲྭར་འཆར་གཞི་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

    བརྟག་ཞིབ་གནང་རིང་། ཅང་ཅེས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། ས་གནས་ས་ཐོག་གི་མི་སྣ་དང་སྤེལ་རེས་གྲོས་བསྡུར་ཡང་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཞིང་པ་ལས་མི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ་ནི་ལས་ཞུགས་བརྟན་པོ་ཡོང་བའི་གཞི་རྩའི་འཆར་གཞི་ཞིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཁག་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་གང་ལེགས་བྱེད་པ། ལས་ཞུགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ། དཔང་རྟགས་ལེན་པ་དང་ལག་ཁྱེར་འཛིན་རྒྱུ་ཚད་གཞིར་བཟུང་བ། ཚལ་ཐོའི་རྣམ་པ་དང་མངགས་ཐོའི་རྣམ་པའི་རྣམ་གྲངས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པའི་ལས་མི་གོ་རིམ་ལྡན་པའི་ལས་ཞུགས་གཞན་སྒྱུར་ལ་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།