དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-19

    ཟླ་8ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱ་ཆེད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ལས་ཁུངས་ཀྱིས“ལྟ་སྐུལ་གྱི་ལྟ་སྐུལ་བསྐྱར་མའི”ངེས་གནས་བརྟན་སྲུང་བྱས་ཏེ་མངགས་གཏོང་སྒྲིག་གཞིའི་ལྟ་སྐུལ་འགན་ནུས་ཀྱི་ནུས་པ་འདོན་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཟ་མཁས་འཐུང་མཁས”ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་གཞུང་དོན་སྣེ་ལེན་དང་། གཞུང་དོན་འཁོར་སྤྱོད། རྒྱུན་གཏན་གཞུང་སྒྲུབ། ཟ་ཁང་དུ་ཁ་ལག་ཟ་བ་སོགས་ལས་ཁུངས་ཀྱི་ལས་དོན་ལ་དོ་དམ་དང་དེ་བཞིན་མ་དངུལ་དང་། ཐོན་ཁུངས། རོགས་སྐྱོར་དངོས་ཟོག་སྣ་ཚོགས་བེད་སྤྱོད་གཏོང་རིང་གི་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་ལ་གཅིག་ཤེས་ཀུན་གྲོལ་གྱིས་ཞིབ་ལྟ་དང་ཡོ་བསྲང་བྱས་ནས་དོན་དག་ཕྲན་ཚེགས་ཀྱི་ཁྲོད་ནས་གྲོན་ཆུང་བསྲི་ཚགས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས། “མི་བྱེད་པ་གསུམ”སྤྱོད་ཚུལ་འཛུགས་སྐྱོང་གི་བརྒྱུད་རིམ་ཡོངས་ལ་ཁྱབ་རྒྱུར་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་ཡ་མེད་སྒྲིག་འགལ་གྱི་རིགས་ལ་ཞིབ་བཤེར་ཆད་གཅོད་ནན་པོ་དང་བརྡ་ཁྱབ་བཏང་ནས་དམར་འདོན་བྱེད་པ་དང་། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུཌ་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ངང་དགེ་བརྩོན་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

    ཝང་ཝུའེ་ཏུང་གིས་བླང་བྱ་བཏོན་དོན། སྒྲིག་ཨུད་དང་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་རང་དཔེ་གཞན་སྟོན་དང་མིག་དཔེ་སྔོན་ལ་འདོན་པ། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བྱང་ཚད་དང་སྒྲིག་ལམ་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་ཚད་གཞི་བཟོ་བ་དང་མིག་དཔེ་འདོན་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།