དབུ་ཤོག>སྲིད་དོན།
  • གཞན་གྱི་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་པའི་ཆབ་སྲིད་ལས་ཁུངས་ཤིག་སྐྲུན་དགོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-15

     ཟླ་8ཚེས་11ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཏང་ཡོན་ལས་བྱེད་པར“སྤྱོད་ཚུལ་ལེགས་པའི་ཆབ་སྲིད་ལས་ཁུངས་ཤིག་བྱེད་དགོས་པའི”ཏང་གི་སློབ་ཚན་སྐོར་གྱི་སྙན་ཞུ་གནང་བ་རེད།

    ཝང་ཝུའེ་ཏུང་གིས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྐབས་གལ་ཆེ་ཤོས་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་གཏིང་ཟབ་ལེན་པ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་དང་སྤྱི་ཡོངས་ཐོག་ནས་ཟམ་མི་ཆད་པར་སྲོག་ཤིང་ལ་མིག་ལྟོས་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་གཏོང་བྱས་ཏེ། མང་ཚོགས་ཀྱི་བདེ་སྡུག་རྟོགས་པ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པ་དང་། ལྟ་སྐུལ་སྒྲིག་སྐྱོང་ཁྲིམས་འཛིན་བྱེད་སྐབས་དབང་ཆ་གཅིག་སྡུད་བྱེད་ས་དང་། མ་དངུལ་གསོག་ཐེབས་བྱེད་ས། ཐོན་ཁུངས་ཕུན་སུམ་ཚོགས་ས་བཅས་ཀྱི་སྡེ་ཚན་གལ་ཆེན་དང་འགག་རྩའི་ལས་གནས་ཐོག་གཅིག་སྡུད་བྱེད་པ་དང་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་དང་འགོ་ཁྲིད་ལས་བྱེད་པའི་ཐོག་གཅིག་སྡུད་བྱས་ཏེ་དངོས་སྒྲུབ་ཁྲོད་སྤྱོད་ཚུལ་སྒྱུར་བ་དང་འཇོན་ཐང་ཆེ་རུ་གཏོང་དགོས། ལྟ་སྐུལ་སྒྲིག་སྐྱོང་ལས་དོན་གྱི་སྒྲིག་ལམ་དང་ལྟ་སྐུལ་ཁྲིམས་སྐྱོང་ལས་དོན་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱིས“རྣམ་པ་རིགས་བཞི”ཡག་པོ་སྤྱོད་པ། བདེ་འཇགས་དང་གསང་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཚད་ལྡན་དང་། ཡ་རབས། གཞུང་དྲང་སྒོས་ལྟ་སྐུལ་སྒྲིག་སྐྱོང་ཁྲིམས་འཛིན་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། དོ་དམ་ནན་པོ་དང་ལྟ་སྐྱོང་ཟབ་མོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང“སོ་སོའི་མིའི”ཁྲིམས་འགལ་སྒྲིག་དཀྲུག་གི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གཟུགས་བརྙན་བཟང་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།