དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་དེ་བས་ཆེ་བ་འཕེལ་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-14

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་སྔར་བས་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་བཟོ་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་བ། སྲིད་གཞུང་གི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་དེ་བས་ཆེ་བ་འཕེལ་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་145པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་པ་འགན་ལེན་བྱེད་པ་ཞིག་དང་། ལས་ཞུགས་བརྟན་པོ་ཡོང་བ་དང་། འབབ་འཕར་བརྟན་པོ་ཡོང་བ། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས། ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་། ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས། ལྗོངས་ཕྱིའི་གཞུང་ཁོངས་ཁེ་ལས། ལྗོངས་ཕྱིའི་དམངས་གཉེར་ཁེ་ལས་བཅས་ཀྱི་སྒུལ་ཤུགས་བཞི་ལ་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་མ་འཇོག་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་རང་འགུལ་ངང་སྔོན་ལ་ཞབས་འདེགས་ཞུ་བ་དང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཏན་ཏིག་གིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་དགོས། བཏོན་ཟིན་པའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས་འབྲས་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དཔྱད་དཔོག་བྱས་ཏེ་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་སྔར་བས་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་འགའ་ཞིག་ཞིབ་འཇུག་བྱས་ནས་བཟོ་དགོས། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་ལམ་སྲོལ་འཛུགས་པ། རེ་ཞུ་དང་ཚུར་ལན་གྱི་ཐབས་ལམ་ཤར་གཏོང་བྱེད་པ། ཁྲིམས་བཞིན་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་འདྲ་མཉམ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་བྱེད་པོར་འཕྲད་པའི་འགག་གནད་དང་དཀའ་གནད་སེལ་བ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་ཧུར་ཐག་འཛུགས་པ། ཁེ་ལས་དང་ཁེ་ལས་མཁས་ཅན་ལ་སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུ་བ། ཁེ་ལས་མཁས་ཅན་གྱིས་སྙིང་རུས་ཆེན་པོས་ལས་དོན་བསྒྲུབ་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཚོང་པར་མཐོང་ཆེན་བྱེད་པ་དང་། ཚོང་པ་དང་ཉེ་བཅར་བྱེད་པ། ཚོང་པ་ཕྱུག་པོ་ཆགས་པ། ཚོང་པ་བདེ་འཇགས་ཡོང་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་ནས་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། འགན་འཁྲི་ནན་དུ་དང་དམ་དུ་བཏང་སྟེ་ཚུགས་གནས་མཐོ་རུ་དང་། སྤྱི་འདོམས་མཐུན་སྦྱོར། ཕྱར་བ་གྲུ་འདེགས། གཞོགས་འདེགས་དམ་ཟབ་བཅས་བྱེད་པ་དང་། དམིགས་ཚད་ལས་འགན་ཞིབ་ཕྲ་བཟོ་བ་དང་། ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། ལས་ཀའི་བྱེད་ཐབས་ནན་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་བྱ་ཐབས་ཁག་ཐད་ཀར་གཞི་རིམ་དུ་ཁྱབ་པ་དང་ཁྲོམ་རའི་བྱེད་པོར་ཐད་ཀར་ཕན་པ་ཐོབ་པའི་འགན་ལེན་གྱིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་པ་དང་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།