དབུ་ཤོག>སྲིད་དོན།
  • གློག་དྲ་ཁྱབ་མེད་པའི་ས་ཁུལ་གྱི་མང་ཚོགས་ལ་གློག་བརྟན་པོ་སྤྱོད་རྒྱུ་ཡོང་བའི་འགན་ལེན་གང་ཡོད་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམངས་འཚོའི་ཞན་ཆ་སེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2020-07-04

     རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་1ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གློག་དྲ་ཁྱབ་མེད་པའི་ས་ཁུལ་གྱི་མང་ཚོགས་ཀྱི་གློག་སྤྱོད་བློས་འགེལ་རང་བཞིན་གྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། གློག་དྲ་ཁྱབ་མེད་པའི་ས་ཁུལ་གྱི་མང་ཚོགས་ལ་གློག་བརྟན་པོ་སྤྱོད་རྒྱུ་ཡོང་བའི་འགན་ལེན་གང་ཡོད་བྱ་རྒྱུ་དེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། གློག་ཤུགས་ཀྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བ་བྱེད་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞིར་བརྩི་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་དོན་གྱི་རྩ་དོན་ཁོང་དུ་ཆུད་པར་བྱེད་པ། འགན་འཁྲི་དམ་ནན་དུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམངས་འཚོའི་ཞན་ཆ་ཡང་སེལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཕྱོགས་དྲུག་གི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་བྱས་པ་སྟེ། གཅིག་ནས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གྲུབ་འབྲས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ངེས་པར་དུ་སྔ་སྣུར་དུ་འཆར་འགོད་བྱེད་པ་དང་། སྔོན་ཚུད་ནས་ཞུགས་པ། བྱས་རྗེས་ཧུར་ཐག་འཇོག་པ། རང་འགུལ་ངང་ཞུགས་པ། ལས་ཡུན་ལྡོག་རྩིས་རྒྱག་པ། རིས་འགེལ་དམག་འཐབ་རྒྱག་པ་བཅས་བྱས་ནས་རྣམ་གྲངས་དང་ལས་འགན་ཁག་དུས་བཀག་བཞིན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཐེམ་དུད་གཅིག་ཀྱང་མ་ལུས་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གཏོགས་ཁོངས་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས་མཐིལ་རྟོགས་གྲངས་གཞི་ཡང་དག་ལ་ཆ་ཚང་པོ་དང་སྒྲིག་བཀོད་སྒྲིག་ཆས་བེད་སྤྱོད་ཐུབ་ལ་མཁོ་ཆོད་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་གྲོན་ཆུང་བསྲི་ཚགས་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། བཟའ་མཁས་འཐུང་མཁས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཕྱོགས་མང་པོ་དང་བསྡུར་བ་བྱེད་པ་དང་ལེགས་པའི་ནང་གི་ལེགས་པ་བདམས་ནས་དངུལ་མཁོ་ཆེ་ཤོས་ཀྱི་སར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། བཞི་ནས་སྤུས་ཚད་མཐོ་པོ་དང་མང་ཚོགས་ཀྱི་བློ་ལ་བབས་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་འཛུགས་སྐྲུན་བྱ་རིམ་མགྱོགས་སུ་བཏང་ནས་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་བློ་ལ་བབས་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་ཁོར་ཡུག་སྔོ་ལྗང་ཡོང་བ་དང་སྦགས་བཙོག་གཏན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་གཞིར་བཟུང་། བེད་མེད་གློག་གསོག་གློག་རྫས་རྙིང་པ་ཚང་མ་ངེས་པར་དུ་གཅིག་སྡུད་ཐོག་ཚུར་བསྡུ་དང་གཙང་སེལ་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་མུ་མཐུད་ཡག་པོ་ཡོང་བ་བྱེད་དགོས་པ། དྲུག་ནས་ཡོངས་བསྒྲགས་དང་དྲང་གཞག་བྱས་ནས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། མང་ཚོགས་ཀྱི་བསམ་འཆར་དང་འབོད་སྒྲ་ཉན་རྒྱུར་སྣང་ཆེན་བྱས་ཏེ། ལག་བསྟར་ཇུས་གཞི་ནུས་ལྡན་བཟོ་བ་དང་ཐོན་སྲིད་པའི་ཉེན་ཁར་དོགས་ཟོན་བྱེད་པ་དང་འབྲེལ་བསལ་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།