བསྐོ་གཞག་གཏན་འབེབས།
ཕུར་བུ་དོན་གྲུབ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱེད་རྒྱུ།

བློ་མཐུན་ཕུར་བུ་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
ཕུར་བུ་དོན་གྲུབ། སྐྱེས་པ། བོད་རིཌ། 1972ལོའི་ཟླ་11པར་སྐྱེས། (ལོ་47) བོད་ལྗོངས་རྒྱལ་རྩེའི་མི། 1996ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1996ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།
1991.09—1996.07བར་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་ཏུ་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སློབ་སྦྱོང་བྱས། (དེའི་རིང་1995.07—1996.07བར་རྒྱལ་ཡོངས་ཀྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བྱས)
1996.07—1999.03བར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་ཡི་ཁོའོ་ཡོན་བྱས། (དེའི་རིང་1998.03—1999.03བར་བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་དབུལ་སྐྱོར་གྱི་ལས་ཀའི་ནང་སྦྱོང་བརྡར་བྱེད་པར་ཞུགས)
1999.03—2000.11བར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བྱས།
2000.11—2002.08བར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་བྱས།
(1999.03—2001.11བར་བོད་རང་སྐྱོང་ལྗོངས་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་གནས་སྦྱར་གྱིས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པར་བསྐོ་གཞག་བྱས)
2002.08—2002.10བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་གི་རྫོང་དཔོན་གཞོན་པའི་འོས་མིར་བདམས།
2002.10—2003.07བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་གི་རྫོང་དཔོན་གཞོན་པ་བྱས།
2003.07—2004.09བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་གི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་བྱས།
2004.09—2005.02བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་གཞོན་པ་བྱས།
2005.02—2005.04བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འོས་མིར་བདམས།
2005.04—2010.10བར་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་བྱས།
(2003.09—2006.07བར་སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་བྱས། 2009.03—2009.09བར་ཀྲུང་དབྱང་རྩ་འཛུགས་པུའུ་རྩ་འཛུགས་ཅུས་སུ་གནས་སྦྱར་གྱིས་རྒྱལ་ཡོངས་གཞི་རིམ་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ལས་རོགས་སུ་བསྐོས)
2010.10—2012.04བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཏང་ཙུའི་ཁོངས་མི་དང་ཀྲོན་ཡོན་གཞོན་པ་བྱས།
2012.04—2012.06བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཨུ་ཡོན་དང་དྲུང་ཆེ་བྱས།
2012.06—2013.08བར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་བྱས།
2013.08—2014.02བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
2014.02—2015.06བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བྱས།
2015.06—2016.05བར་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲོན་ཡོན་བྱས།
2016.05—ད་བར། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་དང་ཧྲི་ཀྲང་བྱས། (དེའི་རིང་2018.09-2019.01བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དུས་ཐེངས་45པའི་དར་མ་དང་གཞོན་ནུའི་འཛིན་གྲྭ་དང་པོར་སློབ་སྦྱོང་བྱས)
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།