དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-23

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ནས“རྒུད་གསབ་ལས་སྤྲོད”ཀྱི་བྱེད་ཐབས་སྤྱད་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཅང་ཅེས་སྐུལ་ལྕག་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་ཀྱི་སྒོ་ནས་མཐའ་མཚམས་ས་ཁུལ་དང་གྲོང་ཁྱེར་དུ“རྒུད་གསབ་ལས་སྤྲོད”ཀྱི་བྱེད་ཐབས་ལག་བསྟར་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་མང་ཚོགས་དབུལ་པོ་དང་ལྷག་པར་དུ་ས་གནས་དེ་གའི་མཐའ་མཚམས་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་པ། ངལ་རྩོལ་ལ་བརྟེན་ནས་ཐོབ་ཆ་གསོག་པ། དངུལ་སྨར་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་ཁྱབ་རྒྱ་དེ་བས་ཡངས་པ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ཁྲོད“རྒུད་གསབ་ལས་སྤྲོད”སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་མང་ཚོགས་ཁག་གཅིག་གིས་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་རྨང་གཞིའི་རང་བཞིན་གྱི་རྣམ་གྲངས་དང་ལྷག་པར་དུ་ས་བབ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས། མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། མཐའ་དར་དམངས་ཕྱུག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་འབྲིང་ཆུང་བཅས་ནང་ཞུགས་ཏེ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་བྱེད་དགོས། རྒུད་གསབ་ལས་སྤྲོད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆགས་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་ཁག་གིས་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་དང་གླ་ཆ་སྤྲོད་རྒྱུར་མཛུབ་ཁྲིད། མ་དངུལ་བདེ་འཇགས་དང་། དུས་ཐོག གནད་འཁེལ། ཚད་ལྡན་ངང་སྤྲོད་པ་བཅས་འགན་ལེན་བྱས་ཏེ་དམངས་ཕན་དམངས་བདེའི་བྱ་བ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།