དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མང་ཚོཌ་སྒྱུ་རྩལ་ཁང་དང་མཛེས་རྩལ་ཁང་དུ་ཕེབས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-18

    ཚེས་16ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་བོད་ལྗོངས་མཛེས་རྩལ་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ་དང་། མང་ཚོགས་སྒྱུ་རྩལ་ཁང་གི་འཁོར་སྐྱོད་གནས་ཚུལ་གྱི་སྙན་སེང་གསན་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་གཞས་མ་གཏམ་སྒྱུ་རྩལ་རིགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ཚུལ་ལ་མཁྱེན་རྟོགས་གནང་བ། ལས་ཡུལ་དངོས་སུ་བསྐྱོད་ནས་མཛེས་རྩལ་ཁང་གི་ཨར་སྐྲུན་གྱི་འཕེལ་རིམ་ལ་གཟིགས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། གཞི་རིམ་གྱི་རིག་གནས་སྒྲིག་ཆས་དང་ཞབས་ཞུའི་དྲ་རྒྱ་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་འཛིན་ཅན་འཛུགས་སྐྱོང་འདུ་འགོད་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།