དབུ་ཤོག>སྲིད་དོན།
  • དབང་པོ་སྐྱོན་ཅན་ལས་ཀར་བསྡུ་བའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-12

    《བོད་རང་སྐྱོང་ལྗོངས་ཀྱི〈དབང་པོ་སྐྱོན་ཅན་ལས་ཞུགས་ཀྱི་སྲོལ་ཡིག〉ལག་བསྟར་བྱ་ཐབས》(སྲིད་གཞུང་གི་བཀའ་རྒྱ་ཨང་100པ)དང《དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》(བོད་སྲིད་སྤེལ[2018]ཡིག་ཨང་10པ)དང《2020ལོའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་སྔོན་འཇོག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ལྗོངས་དབང་པོ་སྐྱོན་ཅན་ཨུ་ཡོན་ལྷན་ཁང་གི[2018]ཡིག་ཨང2པ)སོགས་ཀྱི་གཏན་འབེབས་དང་བླང་བྱ་གཞིར་བཟུང(ལས་གནས་སྔོན་འཇོག་རེའུ་མིག་རྒྱབ་ཏུ་འགོད་རྒྱུ)འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ། 

    གཅིག ལས་མི་བསྡུ་བར་ངེས་པར་དུ་ཤེས་དགོས་པའི་དོན་ཚན། 

    (གཅིག)ལས་ཀ་འཚོལ་མཁན་དབང་པོ་སྐྱོན་ཅན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་སྲུང་ཞུ་བ་དང་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་དང་། ཏཱ་ལར་ཐེར་འདོན་དགག་རྒྱག མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སོགས་ཆབ་སྲིད་ཀྱི་རྩ་དོན་ཐད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཡོང་བར་བྱེད་དགོས། 

    (གཉིས)ལས་ཀ་འཚོལ་མཁན་ཚང་མས་ངེས་པར་དུ་ཚོན་1བྱས་པའི་ཕྱེད་པར་2དང་། ཐོབ་ཐང་ལག་ཁྱེར།《དབང་པོ་སྐྱོན་ཅན་གྱི་ལག་ཁྱེར》འབྲེལ་ཡོད་སློབ་ཐོན་ལག་ཁྱེར་བཅས་དང་དེ་བཞིན་མི་སྒེར་གྱི《ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར》སོགས་དཔྱད་གཞིའི་མ་ཡིག་དང་པར་སློག་གཉིས་རེ་གྲ་སྒྲིག་བྱེད་དགོས་པ་དང་སློབ་རྒྱུས་ལག་ཁྱེར་དང་འབྲེལ་ཡོད《ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར》སོགས་མེད་པའི་ལས་ཀ་འཚོལ་མཁན་ཚོས་ངེས་པར་དུ་ཚོན་1བྱས་པའི་ཕྱེད་པར་2དང་། ཐོབ་ཐང་ལག་ཁྱེར།《དབང་པོ་སྐྱོན་ཅན་གྱི་ལག་ཁྱེར》བཅས་ཀྱི་མ་ཡིག་དང་པར་སློག་གཉིས་རེ་གྲ་སྒྲིག་བྱས་ཏེ་ཟླ་6ཚེས་30ཉིན་གོང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས(ཐོག་སོ་དང་པོ)ཀྱི་ལས་ཞུགས་ཞབས་ཞུ་པུའུ་རུ་བསྐྱོད་དེ《མི་སྒེར་གྱི་ལས་ཀ་འཚོལ་བའི་ཐོ་འགོད་རེའུ་མིག》རྒྱོང་དགོས། 

    གཉིས། ལས་མི་བསྡུ་ཡུལ། 

    (གཅིག)ལོ་18ལ་སླེབས་པ་དང་། ལས་ཞུགས་ཀྱི་ལོ་མཚམས་སུ་སླེབས་ནས་ངལ་རྩོལ་ཐུབ་པ་དང་ལས་ཞུགས་བྱེད་འདོད་ཡོད་པའི་ཐེམ་ཁུངས་བོད་ནས་ཡིན་པའི་དབང་པོ་སྐྱོན་ཅན་ཁག་དང་། 

    (གཉིས)རང་ལྗོངས་ཀྱི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཀྱི་དབང་པོ་སྐྱོན་ཅན་གྱི་སློབ་ཐོན་སློབ་མ་ཡིན། 

    བློ་འདྲིའི་ཁ་པར།0891-6847058

    ཟུར་བཀོད།《2020ལོའི་དབང་པོ་སྐྱོན་ཅན་ལས་ཀར་བསྡུ་བའི་འཆར་གཞིའི་ལས་གནས་ཀྱི་ཆ་འཕྲིན་ཕྱོགས་བསྒྲིགས་རེའུ་མིག》

    བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་ལྟེ་གནས། 

    2020ལོའི་ཟླ་6ཚེས་11ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།