དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-03

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར་ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། མཐོ་གསར་གྲངས་གཞིའི་ཐོན་ལས་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་མཐོ་གསར་གྲངས་གཞིའི་ཐོན་ལས་ཆེད་དོན་སྐུལ་འདེད་ཚོགས་ཆུང་གི་2020ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཚུལ་གསན་པ་དང་ཆེད་དོན་སྐུལ་འདེད་ཚོགས་ཆུང་གི་ལས་ཀའི་ཞིབ་སྲོལ་དང་དེ་བཞིན་2020ལོའི་ལས་དོན་གཙོ་གནད་ལ་ཞིབ་འཇུག་གྲོས་ཞིབ་གནང་བ་མ་ཟད། ད་དུང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ་དང་། ཀྲང་ཡུང་ཙེ། མོང་ཞའོ་ལིན་བཅས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་ཐོན་རིང་། གྲངས་གཞི་ཅན་གྱི་ཞབས་ཞུའི་དགོས་མཁོ་མགྱོགས་མྱུར་འཕར་ནས་མཐོ་གསར་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ཕྱིན་ཏེ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད་པ་དང་། “གྲངས་གཞིའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དངོས་ཚན་དཔལ་འབྱོར་དང་གྲངས་གཞིའི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་གྱིས་རང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་མཐོ་གསར་གྲངས་གཞིའི་ཐོན་ལས་དེ་ཉིད“ཐོན་ལས་ཆེན་པོ་བདུན”གྱི་གྲས་སུ་བརྩིས་ཏེ་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་བཙུགས་ནས་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་མཐོ་གསར་གྲངས་གཞིའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་བྱས་ནས། རང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྩ་འཛུགས་ཀྱིས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གཞུང་དོན་ཁང་གིས་ཇུས་འདོན་རོགས་རམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་སྤྱི་འདོམས་བཀོད་གཏོང་དང་། མཐུན་སྦྱོར་སྐུལ་སྤེལ། དོན་འཁྱོལ་ལ་ལྟ་སྐུལ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། ཁོངས་མིའི་ཚན་པ་ཁག་གིས་ལོ་འཁོར་གྱི་ལས་དོན་གཙོ་གནད་གཞིར་བཟུང་ནས་ལས་འགན་ཁག་བགོས་ཀྱིས་དུས་ཚོད་ཀྱི་མཚམས་ཚིགས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལས་འགན་དོན་འཁྱོལ་ལ་འགན་ལེན་བྱས་ནས། རང་ལྗོངས་ཀྱི་མཐོ་གསར་གྲངས་གཞིའི་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།