དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2020-05-27

     ཉེ་ཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོང་གིས་བསྟན་གནང་དོན། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཡོངས་སུ་མོས་མཐུན་ཡོད་ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། སྙན་སྒྲོན་ཧྲིལ་པོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་བྱས་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་གནང་བའི་གཙོ་རྐང་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་བཅས་ཡིན་པས་དེ་ནི་དངོས་འཛིན་དངོས་སྒྲུབ་དང་། གཙོ་གནད་མངོན་གསལ་དོད་ལ་བྱེད་ཐབས་ནུས་ལྡན་དང་ནང་དོན་ཕུན་སུམ་ཚོགས་པའི་སྙན་སྒྲོན་ཡག་པོ་ཞིག་རེད། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་བསྟན་གནང་དོན། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཁྲིམས་འཛུགས་ལས་འགན་གལ་ཆེན་ཞིག་དང་། ཀྲུང་གོ་གསར་པའི་ཁྲིམས་གཞུང་ཐོག་ནས་མིང་བཏགས་པའི་གཞི་རྩའི་བཅའ་ཁྲིམས་དང་པོ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་མཚོན་རྟགས་རང་བཞིན་གྱི་ཁྲིམས་འཛུགས་བཅས་རེད། ཁྲིམས་གཞུང་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་སྤྱིའི་དམིགས་ཚད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུར་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱས་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་པ་དང་། རང་རེའི་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་བཅའ་ཁྲིམས་ཀྱི་སྲོལ་རྒྱུན་དང་། ཁྲིམས་སྐྱོང་གི་དད་མོས། ཁྲིམས་སྐྱོང་གི་གདེང་ཚོད་བཅས་གཅིག་སྡུད་ཐོག་མངོན་པ། རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ཚད་ལྡན་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། རིམ་སྤོར། གཞན་སྒྱུར་བཅས་བྱས་ཡོད་པས་དེ་ནི་དར་རྒྱས་ཆེ་བའི་དུས་རབས་ཀྱི་ཁྲིམས་གཞུང་དང་། དམངས་ཆེད་ཀྱི་ཁྲིམས་གཞུང་། ཤེས་དཔལ་གྱི་ཁྲིམས་གཞུང་། སྒྱུར་བཅོས་ཀྱི་ཁྲིམས་གཞུང་། ཚན་རིག་དང་མཐུན་པའི་ཁྲིམས་གཞུང་བཅས་ཡིན་སྟབས་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་ཆེན་པོ་དང་། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན། ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་བཅས་ལྡན་ཡོད།

    བློ་བཟང་རྒྱལ་མཚན་གྱིས་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བརྗིད་ཆེའི་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་ལ་སླེབས་པ་དང་ཁྲིམས་གཞུང་བཏོན་པ་དང་ལག་བསྟར་བྱས་པ་དེས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཆུ་ཚད་དང་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་བཟང་སྐྱོང་མཁས་ཀྱི་ཚད་ཤིང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་དུ་འགྱུར་ངེས་ཡིན་ལ་རང་རྒྱལ་གྱི་སྤྱི་དམངས་ཀྱི་ཁེ་དབང་འགན་ལེན་དེ་ཁྲིམས་སྐྱོང་ཅན་གྱི་དུས་རབས་གསར་པར་སྐྱོད་འགོ་ཚུགས་པར་སྐུལ་འདེད་གཏོང་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།