དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མངཌ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁྲི་དང་སྤྱོད་གཙང་བརྗོད་པའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-14

     ཚེས་12ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁྲི་དང་སྤྱོད་གཙང་བརྗོད་པའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་མཐུན་སྒྲིག་གིས“མངགས་གཏོང”གི་དབང་གྲགས་དང“བཅའ་སྡོད”ཀྱི་ལེགས་ཆ་གང་ལེགས་འདོན་དགོས། མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་ཁག་གིས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་འགག་རྩའི་ཉུང་ཤས་ལ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེ་བཞིན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལས་འགན་ལག་བསྟར་གཞིགས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ནས“སྲུང་སྐྱོང་གཉིས”དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཏེ“བྱེད་ཐབས་བཞི”དངོས་ཐོག་བདེན་འཚོལ་ངང་སྤྱད་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ཆེ་རུ་གཏོང་དགོས། དཔུང་ཁག་གི་ཆབ་སྲིད་དང་ལས་སྒོའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནང་ཁུལ་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་གཟུགས་བརྙན་བཟང་པོར་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།