དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-09

    ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཕྱོགས་བསྡུས་བརྟག་ཞིབ་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་བཅས་དང་། ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་དང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅིས་གོ་ཀང་། ཝང་ཅུན། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    “གཞི་རིམ་དུ་བསྐྱོད་དེ་དག་ཐེར་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བརྟག་ཞིབ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་སྟོད་ཀྱི་གཙོ་གནད་ལྟ་སྐུལ་ལས་དོན་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་བརྟག་ཞིབ་ཚོགས་ཆུང་8བཙུགས་ནས་ཟླ་4པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་ཏུ་བསྐྱོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་སྤུས་ཚད་མཐོར་གཏོང་དང་། “ཞིང་གསུམ”ལས་དོན། མཐའ་མཚམས་འཛུགས་སྐྲུན་སོགས་ལ་གཙོ་གནད་ཐོག་དམིགས་ནས་ཕྱོགས་བསྡུས་བརྟག་ཞིབ་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དམིགས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་དགོས། བརྟག་ཞིབ་ཚོགས་ཆུང་ཁག་གི་སྙན་ཞུ་ཕྱོགས་བསྡུས་དང་ལེགས་སྒྲིག་ནན་ཏན་བྱས་ཏེ་ས་གནས་ཁག་གིས་སྤེལ་བའི་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ནུས་ལྡན་སྔར་བས་གདམ་གསེས་ཕྱོགས་སྡོམ་བྱེད་པ་དང་གནས་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་རིན་ཐང་ལྡན་པ་དང་དཔྱད་གཞིར་འཛིན་རིན་ཡོད་པའི་ཐབས་ཇུས་དང་གྲོས་འགོ་བཏོན་ནས་སྤུས་ཚད་མཐོ་བའི་བརྟག་ཞིབ་བྱས་འབྲས་ལ་བརྟེན་ཏེ་ལྗོངས་ཏང་ཨུད་ཀྱིས་ཐབས་ཇུས་གདིང་བར་དཔྱད་གཞི་མཁོ་འདོན་བྱེད་དགོས། འགན་འཁྲི་གཙང་སྒྲུབ་དང་དངོས་སྒྲུབ་འགན་ཁུར་གྱི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་འཁོར་གྱི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས། དབུལ་སྐྱོར་གསར་སྤེལ་གྱི་ཁྲིམས་འཛུགས་ལས་དོན་དང“ཞིང་གསུམ”ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་དེ་དཀའ་ངལ་དངོས་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཤུགས་རྒྱག་ས་དང་འབྲེལ་མཚམས་འཚོལ་ཞིབ་ཡང་དག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།