དབུ་ཤོག>སྲིད་དོན།
  • སྐབས་གཉིས་པའི“བོད་ཀྱི་དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོར”གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-05

    གཞོན་ནུ་ལོ་ཆུང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་དང་། གཞོན་ནུ་དཔེ་མཚོན་འདེམས་གཏོད་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། གཞོན་ནུའི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་གཞོན་ནུར་བཟང་པོ་ཧུར་ལེན་དང་སྤྱོད་བཟང་དགེ་སྒྲུབ་དང་། རང་ཉིད་ནས་འགོ་འཛུགས་པ་དང་ཉེ་འགྲམ་ནས་འགོ་འཛུགས་རྒྱུར་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་ཏུ་གྱུར་ཆེད། 2019ལོ་ནས་བཟུང་། བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་རྩ་བར་བཟུང་བ་དང་། སྔོན་ཐོན་གྱི་གཞོན་ནུ་དཔེ་མཚོན་འདེམས་གཏོད་དང་། སློབ་སྦྱོང་། དྲིལ་བསྒྲགས་བཅས་གཞི་རྟེན་དུ་བྱས་ནས། གཞོན་ནུའི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གཞོན་ནུའི་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། རང་ལྗོངས་ཀྱི་ལས་རིགས་ཁག་གི་གཞོན་ནུའི་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དཔེ་མཚོན་ངང་ལག་བསྟར་བྱེད་མཁན་དང་དྲང་ནུས་བརྒྱུད་སྤྲོད་ཀྱི་སྣེ་ཁྲིད་བྱེད་མཁན་ཉེ་འཁོར་གྱི་གཞོན་ནུ་བཟང་པོ་ཁག་གཅིག་ཐོན་ཏེ། གཞོན་ནུ་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་པ་དང་། རྒྱ་ཆེའི་གཞོན་ནུ་ཚོར་དཀའ་སྡུག་ལ་མི་སྐྲག་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་རྒྱུར་ཁྲིད་སྟོན་བྱས་ཡོད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོ་ཁག་གཅིག་དཔྱད་འདེམས་བྱས་ནས་གཟེངས་བསྟོད་བྱ་རྒྱུའི་ཞིབ་འཇུག་དང་གཏན་འབེབས་བྱས་ཡོད། ཞིབ་བཤེར་ནན་པོ་དང་རིམ་པ་བཞིན་དཔྱད་འདེམས་བྱས་པ་བརྒྱུད། ཝུན་ཀྲེ་སོགས་བློ་མཐུན་6ལ“ལས་གཅེས་ལས་བཀུར་གྱི་གཞོན་ནུ་བཟང་པོའི”མཚན་སྙན་སྤྲོད་རྒྱུ་དང་། རིག་འཛིན་མཁའ་འགྲོ་སོགས་བློ་མཐུན་5ལ“གསར་གཏོད་ལས་གཏོད་ཀྱི་གཞོན་ནུ་བཟང་པོའི”མཚན་སྙན་སྤྲོད་རྒྱུ། ཡན་ཀྲུང་ཝེ་སོགས་བློ་མཐུན་5ལ“སློབ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོའི”མཚན་སྙན་སྤྲོད་རྒྱུ། འཇམ་དཔལ་སོགས་བློ་མཐུན་5ལ“དབུལ་སྐྱོར་དཀའ་སེལ་གྱི་གཞོན་ནུ་བཟང་པོའི”མཚན་སྙན་སྤྲོད་རྒྱུ། བློ་མཐུན་ཧྲ་མའེ་ཁྲའོ་ལ“ཀུན་སྤྱོད་བཟང་ཞིང་ཁ་དན་ཚིག་གནས་ཀྱི་གཞོན་ནུ་བཟང་པོའི”མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་མ་ཟད། བློ་མཐུན་ནོར་བུ་ལ“ཀུན་སྤྱོད་བཟང་ཞིང་ཁ་དན་ཚིག་གནས་ཀྱི་གཞོན་ནུ་བཟང་པོའི”མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད།

    རེ་བར་དམིགས་བསལ་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་བློ་མཐུན་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་། ཁེངས་སྐྱུང་གཟབ་ནན། ཡང་འབད་བསྐྱར་འབད། གསར་འབྱེད་གསར་གཏོད་བཅས་བྱས་ཏེ། དཔེ་མཚོན་གྱི་དཔེ་སྟོན་ནུས་པ་བཏོན་ནས། གྲུབ་འབྲས་སྔར་བས་ཆེ་བ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས། རེ་བར་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་སྔོན་ཐོན་མིག་དཔེར་འཛིན་པ་དང་མིག་དཔེས་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ནས་འབད་འབུངས་ཡར་བརྩོན་དང་སྤྱོད་བཟང་དགེ་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཚད་དང་ལྡན་པ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་བརྩོན་ཧུར་ཐག་བྱས་ནས། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་སར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས།

    2020ལོའི་ཟླ་4ཚེས་29ཉིན་ལ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།