དབུ་ཤོག>སྲིད་དོན།
  • སྐབས་བཅུ་དྲུག་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-05

    2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་མཇུག་བསྡུའི་ལོ་ཡིན་ལ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་རང་འགན་གཙང་སྒྲུབ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་དང་ལྷག་པར་དུ་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཐབ་ས་དང་པོར་ཧུར་ཐག་བསྐྱོད་དེ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོའི་བསམ་པའི་ཉམས་འགྱུར་དང་རིན་ཐང་བརྩོན་ཕྱོགས་གཅིག་སྡུད་ཐོག་མངོན་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་ཕོད་པར་བྱས་ཏེ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་བྱས་རྗེས་འཇོག་པ་དང་རིན་ཐང་མངོན་རྒྱུའི་ལྕག་སྐུལ་བྱ་ཆེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ཚོགས་པས་ཚའོ་ཞའོ་ཧྭ་སོགས་བློ་མཐུན་16ལ་སྐབས་བཅུ་དྲུག་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུ་དང་། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་སོགས་གཞོན་ནུའི་མཉམ་སྡེབ་10ལ་སྐབས་བཅུ་དྲུག་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    གཟེངས་རྟགས་ཐོབ་པའི་གཞོན་ནུ་དང་གཞོན་ནུའི་མཉམ་སྡེབ་དག་ནི་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ཚོའི་ཕུལ་བྱུང་དཔེ་མཚོན་དང་དཔེ་བཟང་གི་འཐུས་ཚབ་ཡིན་པ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་དང་གཞོན་ནུ་མཉམ་འབྲེལ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱི་འདོམས་སུ་བྱས་ཐོག་མི་རིགས་ཁག་གི་གཞོན་ནུ་ཚོར་དཔེ་བཟང་ལ་སློབ་སྦྱོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མེས་རྒྱལ་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ནས་འཚར་ལོངས་ཡག་པོ་ཡོང་བ་དང་། དཀའ་སྤྱད་འབད་འབུངས་ཁྲོད་ནས་བློ་སྟོབས་སྦྱོང་བརྡར་སྤྲོས་པ། ལག་ལེན་ཧུར་ཐག་ཁྲོད་ནས་ལས་ཀའི་འཇོན་ཐང་འཕེལ་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་རྒྱང་སྐྱོད་ལམ་བུའི་ཐོག་དཀའ་ངལ་ལ་མི་སྐྲག་པར་འགན་འཁྲི་ལྕི་པོ་ཁུར་ཕོད་པར་བྱས་ནས། མཚར་སྡུག་རྣམ་པར་བཀྲ་བའི་ལང་ཚོའི་མེ་ཏོག་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་སར་བཞད་དུ་འཇུག་རྒྱུའི་མཐུན་སྒྲིལ་སྣེ་ཁྲིད་བྱེད་དགོས།

    གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

    བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ཚོགས་པ་ཡིས།

    2020ལོའི་ཟླ་4ཚེས་29ཉིན་ལ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།