དབུ་ཤོག>སྲིད་དོན།
  • 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-02

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)2020ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    《སྲོལ་ཡིག》དེ་ཁྱོན་ལེའུ་བརྒྱད་དང་དོན་ཚན་ཞེ་བརྒྱད་ལ་དབྱེ་ཡོད་ཅིང་། དེ་ནི་འཛུགས་གཏོད་བྱེད་སྒོའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་པས་བོད་ཀྱི་ཁྱད་ཆོས་མངོན་ཡོད། 《སྲོལ་ཡིག》ནང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་དབང་གྲགས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་བོད་ཀྱི་ལྗོངས་བབ་ལ་གཞི་ཚུགས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་ནན་བཤད་བྱས་པ་དང་། གླིང་སྒྲུང་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པ། ཐང་ག་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་སྒྲིག་སྲོལ་ལམ་ལུགས་ནང་བཅུག་པ། ལོ་རེའི་ཟླ་9པ་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བར་གཏན་འཁེལ་དང་ལོ་3རེར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ་རྒྱུ་སོགས་གཏན་འཁེལ་བྱས་ཡོད།

    《སྲོལ་ཡིག》ནང་རིགས་ཁག་གི་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་འཛུགས་གཏོད་བྱ་རྒྱུ་དེ་ཁེ་ལས་ཀྱི་དོ་དམ་དང་རིག་གནས་འཛུགས་སྐྱོང་ཁྲོད་བཅུག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁེ་ལས་དང་དཔེ་བཟང་ཚོགས་ཆུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལས་ཀར་བསྡུ་བའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ་གཞུང་དྲང་ལས་ཞུགས་དང་ཐུན་མོང་ལས་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་བྱས་ཡོད།

    《སྲོལ་ཡིག》ནང་བླང་བྱ་བཏོན་དོན། རང་སྐྱོང་ལྗོངས་ཀྱིས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ་གྲོང་ལྷན། སློབ་གྲྭ དཔུང་སྡེ་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་དཔེ་བཟང་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ་གྲོང་ལྷན། སྡེ་ཁུལ། ཚན་པ་བཅས་འཛུགས་གཏོད་དང་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་དཔེ་བཟང་མཉམ་སྡེབ་དང་། དཔེ་བཟང་མི་སྒེར་ཡང་དཔྱད་འདེམས་ཁྱབ་ཁོངས་སུ་འཇུག་དགོས།

    《སྲོལ་ཡིག》ལག་བསྟར་བྱས་རྗེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་སྤྱོད་ལས་འགལ་རིགས། སྲོག་ཡིག་ནང་གི་བཅའ་ཁྲིམས་ཀྱི་འགན་འཁྲིའི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།