དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-01

    ཚེས་29ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་འཕེལ་རིམ་གྱི་ལས་དོན་གནས་ཚུལ་སྙན་སེང་གསན་ནས། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་དོན་སྙིང་གལ་འགངས་ཆེ་ལ་ལས་འགན་དཀའ་ཚེགས་ཆེ་བ་དང་གཟི་བརྗིད་ལྡན་པ་ཞིག་རེད། རིམ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡང་འབད་བསྐྱར་འབད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འདི་ཉིད་སྒྲིག་ཆས་འཐུས་སྒོ་ཚང་བ་དང་། ཐོན་ལས་དར་ཞིང་རྒྱས་པ། སྣོད་བཅུད་བཟང་བ། ཁོར་ཡུག་མཛེས་པ། ཡིད་དབང་འཕྲོག་ཤུགས་ལྡན་པ་བཅས་ཀྱི་སྡོད་མལ་ལ་འཚམ་པ་དང་ལས་རིགས་དར་རྒྱས་ལ་འཚམ་པའི་བདེ་སྐྱིད་དང་ཡ་རབས་ལྡན་པའི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་བསྐྲུན་རྒྱུའི་འགན་ལེན་བྱས་ནས། མཐའ་མཚམས་མང་ཚོགས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་བརྟན་པོ་ཚུགས་པར་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།