དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རུལ་སུངས་ལ་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་བྲོས་འདེད་དངུལ་འདེད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-30

    ཟླ་4ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རུལ་སུངས་ལ་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་གིས་བྲོས་འདེད་དངུལ་འདེད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བྲོས་འདེད་ལས་དོན་སྤེལ་ཚུལ་ཉན་པ་དང་བྲོས་འདེད་བྲོས་འགོག་དངུལ་འདེད་གསུམ་གྱི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་བྲོས་འདེད་དངུལ་འདེད་མཐུན་སྦྱོར་ལམ་སྲོལ་གྱི་ཁོངས་མིའི་ཚན་པ་དང་བྲོས་འདེད་འགན་འཁུར་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

    ཝང་ཝུའེ་ཏུང་གིས་བྲོས་འགོག་ནི་རྒྱུན་རྣམ་ཅན་གྱི་ལས་འགན་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་ལས་དོན་ཡོངས་སུ་ཁྱབ་པར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་དགོས་ཤིང་། རྒྱུན་གཏན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་གསུམ་ལ་ཤུགས་སྣོན་བརྒྱབ་སྟེ“དཔོན་ཧྲེང”ལ་དུས་བཀག་བཞིན་གཙང་བཤེར་བྱེད་དགོས། “མི་གཅིག་ལ་ལག་ཁྱེར་མང་བའི”ཆེད་དོན་གཙང་སེལ་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བའི་ཁར།  ཞིབ་བཤེར་བརྟག་དཔྱད་ལ་བྲོས་འགོག་བརྒྱུད་རིམ་བསྣན་ནས་ཏང་ཡོན་དང་ལས་བྱེད་པར“ཕྱིར་བྲོས་བྱོལ་བྱེད་པ་ནི་ཐར་ལམ་ཡིན་པའི”བསམ་བློ་རང་འགུལ་ངང་འདོར་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་གིས་བྲོས་འདེད་དངུལ་འདེད་ལས་དོན་དེ་ཆབ་སྲིད་ཐོག་ནས་ལྟ་སྟངས་འཛིན་པ་དང་ཆབ་སྲིད་ཀྱི་རྩིས་རྒྱག་རྒྱུ་ནས་འགོ་འཛུགས་དགོས། རིམ་ཁག་བྲོས་འདེད་དངུལ་འདེད་མཐུན་སྦྱོར་ལམ་སྲོལ་གྱི་ཁོངས་མིའི་ཚན་པས་ནང་ཁུལ་གྱི་འགན་འཁྲིའི་ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་མ་ཟད། མཐུན་སྦྱོར་གཞོགས་འདེགས་ལའང་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རིམ་ཁག་བྲོས་འདེད་ཆེད་དོན་ཚན་ཁག་གིས་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མིག་སྔའི་ལས་དོན་གྱི་གཙོ་གནད་དེ་འཇམ་ཁྲིད་བློ་འགུག་དང་། སྲིད་ཇུས་དྲིལ་བསྒྲགས། རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ལ་འཇོག་དགོས་ལ། ཕྱིར་ལོག་རྒྱུར་ཁ་ཏ་བསླབ་བྱའི་ཕན་འབྲས་ཆེ་རུ་བཏང་ནས་བྲོས་འདེད་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།