དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-27

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་གནམ་ཐང་རྣམ་གྲངས་འཛུགས་སྐྲུན་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་། 《རང་སྐྱོང་ལྗོངས་ཀྱི་གནམ་ཐང་འཛུགས་སྐྲུན་གྱི་2020ལོའི་ལས་ཀའི་གཙོ་གནད》ལ་གྲོས་ཞིབ། རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་གནས་པའི་གནད་དོན་ཐག་གཅོད་བྱེད་ཐབས་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཚོགས་འདུའི་ཐོག་2019ལོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གནམ་ཐང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མའི་ཚན་པ་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། མཐུན་སྦྱོར་གཞོགས་འདེགས་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ། “3+1”གི་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཐུན་མོང་ཐོག་སྤྱོད་པའི་མཁའ་འགྲུལ་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཟུར་ལམ་གནམ་ཐང་གནས་ས་འདེམས་པའི་ལས་དོན་མགྱོགས་ལ་ནུས་ལྡན་སྤེལ་བ། འབྲེལ་ཡོད་ལེ་ལག་ཚང་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།  ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད། སྤྱི་ཡོངས་ཀྱི་ལས་ཀའི་འཕེལ་རིམ་བདེ་བླག་བྱུང་བ་དང་ཕན་འབྲས་ཡག་པོ་ཐོན་ཡོད། “3+1”གི་གནམ་ཐང་སོགས་རྣམ་གྲངས་ཆེ་རིགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དེ་བོད་ཀྱི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྐྲུན་པ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་བ་ཡོད། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་གནམ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་། དངོས་འཛིན་དངོས་སྒྲུབ། ཇུས་འགོད་ཞིབ་ཚགས། སྒྲིག་འཛུགས་ཚགས་ཚུད་བཅས་བྱས་ཏེ“3+1”གི་གནམ་ཐང་འཛུགས་སྐྲུན་སོགས་རྣམ་གྲངས་ཆེ་རིགས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་སྔ་ཙམ་སྐྲུན་པ་དང་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།