དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-25

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་ནས་ལས་ཀའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དག་ཐེར་གྱི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ། དག་ཐེར་བྱེད་ཐབས་ཀྱི་བཀོལ་སྤྱོད་རང་བཞིན་ཆེར་གཏོང་། དག་ཐེར་ལས་དོན་རྒྱུན་མཐུད་གཏིང་ཟབ་ངང་དམ་འཛིན་ཡག་པོ་བཅས་བྱས་ནས་དག་ཐེར་དུས་བཅད་ལྟར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་འགན་འཁྲིར་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་ལས་འགན་ཁག་བགོས་ཁ་གསལ་དང་། གྲོང་ཁྱེར་དང་ས་ཁུལ་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། སྡེ་ཚན་གྱི་བྱེད་པོའི་འགན་འཁྲི། ཏང་ཙུའི་ཧྲུའུ་ཅིའི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་བཅས་ནན་དུ་གཏོང་བ། ལས་འགན་མགོ་ཐོག་ཏུ་འཁྱོལ་བ་དང་། འགན་འཁྲི་མགོ་ཐོག་ཏུ་འཁྱོལ་བ། བྱ་དགའ་དང་ཆད་གཅོད་མགོ་ཐོག་ཏུ་འཁྱོལ་བ་བཅས་མཐའ་འཁྱོངས་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ལ་སྐུལ་འདེད་བཅས་བཏང་ནས་དག་ཐེར་ལས་འགན་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་གནད་སྨིན་དོན་འཁྱོལ་ལ་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་དག་ཐེར་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་གང་མགྱོགས་འཛུགས་པ་དང་། གནད་དང་ཁྱོན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་དོན་དངོས་ཀྱི་གནད་དོན་དང་ཕུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དག་ཐེར་གྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ། བཞི་ནས་དུས་ཚོད་ཀྱི་མཚམས་ཚིགས་ལ་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་ལས་འགན་ཞིབ་ཚགས་སུ་དང་རིམ་པ་ལྟར་དབྱེ་ཕྲལ་བྱེད་པ་དང་། ལས་ཀའི་དུས་ཚོད་རེའུ་མིག་དང་། འཆར་གཞི། ལས་འགན་ཡི་གེ་བཅས་ཁ་གསལ་བཟོ་བ། “སྔ་སྣུར་ཚད་འཇལ”ཡག་པོ་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་། རིས་འགེལ་དམག་འཐབ། ཆེ་སར་དམིགས་པ་དང་ཆུང་སར་དམ་འཛིན་བཅས་བྱས་ནས་དག་ཐེར་གྱི་ལས་དོན་ཚང་མ་དོན་འཁྱོལ་དང་བརྡ་ལན་ཡོད་པའི་འགན་ལེན་བྱེད་དགོས་པ། ལྔ་ནས་འགག་རྩའི་གོ་རིམ་ལ་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་སྤྱི་འདོམས་མཐུན་སྦྱོར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གོང་འོག་མཉམ་འགུལ་དང་གཡས་གཞོགས་གཡོན་འདེགས་བྱས་ནས་དག་ཐེར་ལས་དོན་གྱི་སྐུལ་འདེད་ལམ་སྲོལ་ཕན་འབྲས་ཆེན་པོ་དང་བདེ་བླག་ངང་སྤྱོད་རྒྱུའི་འགན་ལེན་གྱིས་འགག་རྩའི་གོ་རིམ་ཡག་པོ་འགྲིམས་ཏེ་གཏན་ལ་འཁེལ་བའི་གོ་རིམ་བཞིན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ། དྲུག་ནས་སྒྲིག་ཁྲིམས་ཀྱི་བླང་བྱར་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དེ་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ། བླང་བྱ་ནན་ཤོས་ཀྱི་སྒོ་ནས་བཀོད་སྒྲིག་དང་། ཚད་གཞི་ནན་ཤོས་ཀྱི་སྒོ་ནས་དོན་འཁྱོལ། དཔྱད་ཞིབ་ནན་ཤོས་ཀྱི་སྒོ་ནས་ཞིབ་བཤེར་བཅས་བྱས་ནས་སྤུས་ཚད་མཐོ་པོ་དང་དུས་བཅད་ལྟར་དག་ཐེར་གྱི་ལས་འགན་ལེགས་གྲུབ་ཐུབ་པ་དང་། དག་ཐེར་གྱི་ཕན་འབྲས་ཐོག་ནས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།