དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-21

     རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་འཇམ་དཔལ་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་ཏེ། འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པར། ངོས་འཛིན་ནས་ལག་ལེན་བར་དུ་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་རིན་ཐང་ཆེ་ཤོས་དེ་སྣོད་བཅུད་དང་འགན་འཁྲི་ཆེ་ཤོས་དེ་སྣོད་བཅུད་ལ་ཡོད་་པ་མ་ཟད།

     མི་མངོན་པའི་ནུས་ཤུགས་ཆེ་ཤོས་དེའང་སྣོད་བཅུད་ལ་ཡོད། དེས་ན་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་ན་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད་ཅེས་བསྟན་གནང་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་དམངས་ཕྱུག་དམངས་ཕན་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར། གཅིག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ལམ་ལུགས་འཛུགས་སྐྱོང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་མཐའ་འཁྱོངས་བརྩི་བ། གཙོ་གནད་མངོན་གསལ་དོད་པོ་དང་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་ཡིག་ཆའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཅིག་སྐྲུན་དགོས་པ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས། “སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན”གྱི་བསམ་གཞི་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྣོད་བཅུད་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་ཕན་པ་འདོགས་པ་མཐའ་འཁྱོངས། ཐོན་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ། གྲོང་གསེབ་དར་རྒྱས་འཐབ་ཇུས་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ལས་དོན་དང་ཟུང་འབྲེལ་གྱིས་སྣོད་བཅུད་དམངས་ཕྱུག་དང་དམངས་ཕན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཕན་པ་ཐོབ་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱེད་དགོས། གསུམ་ནས་སྣོད་བཅུད་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རི་བོ་དང་། ཆུ་བོ། ནགས་ཚལ། ཞིང་ཁ། མཚོ་མཚེའུ། རྩྭ་རྩི་ཤིང་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་གསུམ་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་འཕྲལ་སྡོམ་དོ་དམ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། བཞི་ནས་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཧུར་ཐག་གཏོང་དགོས། དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་ཏེ། རྒྱ་ཆེའི་མང་ཚོགས་ཚོར་སྣོད་བཅུད་ལ་གཅེས་སྐྱོང་དང་སྣོད་བཅུད་ལ་སྲུང་སྐྱོང་གི་སྲོལ་རྒྱུན་བཟང་པོ་དང་དེ་བཞིན་བབ་ཆགས་འོས་འཚམ་དང་། ལྗང་མདོག་ཐཱན་ཉུང་། ཡ་རབས་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ནས། མི་ཚང་མར་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འགན་ཡོད་པ་དང་། ཚང་མས་རྒྱབ་སྐྱོར་བྱེད་པ། ཚང་མ་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།