དབུ་ཤོག>སྲིད་དོན།
  • ​ཝང་ཝུའེ་ཏུང་གིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-20

    ཟླ་4ཚེས་14ནས་17ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དང་གྲོ་མོ་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཁོང་གིས་གྲོ་མོ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ཞིབ་བཤེར་གནང་བ་དང་། རིན་སྤུངས་རྫོང་གི་ནོར་བུ་དགོས་འདོད་ཀུན་འབྱུང་རྡོ་རྒྱུའི་འབྲེལ་ཡོད་གནད་དོན་དག་ཐེར་དོན་འཁྱོལ་དང་དེ་བཞིན་རྫོང་གྲོང་གི་ཆུ་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། རིན་སྤུངས་རྫོང་གི་དག་ཐེར་གནས་ཚུལ་སྐོར་གྱི་སྙན་སེང་ཡང་གསན་པ་རེད།

    ཝང་ཝུའེ་ཏུང་གིས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དག་ཐེར་དོན་འཁྱོལ་དེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། བསམ་སྤྱོད་གཅིག་གྱུར་དང་ཕན་ཚུན་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བར་གཞོགས་འདེགས་བྱེད་པ། སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་ལྟ་སྐུལ་བྱེད་དགོས། དག་ཐེར་ལ་རྒྱུན་གཏན་ལྟ་སྐུལ་ཏན་ཏིག་དང་། གསལ་ཐོ་ཅན་གྱི་དོ་དམ་རྒྱུན་འཁྱོངས། སྟབས་བསྟུན་རྗེས་སྙེགས་ཀྱིས་ཕན་འབྲས་ཐོན་པ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་སྤྱད་ནས་དག་ཐེར་དོན་འཁྱོལ་ལ་ལྟ་སྟངས་འཛིན་པའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། དངོས་ཐོག་བདེན་འཚོལ་ངང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་གནད་དོན་དབྱེ་ཞིབ་དང་བརྡར་གཅོད་དང་། “དབྱེ་བ་འབྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ། འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་དོ་དོ་ནན་ནན་གྱིས་ཐག་གཅོད་བཅས་བྱས་ཏེ། ལྟ་སྐུལ་སྒྲིག་བསྟར་གནད་ལ་འཁེལ་བ་བྱས་ནས་ཏང་ཡོན་ལས་བྱེད་པར་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།