ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་2020ལོའི་གྲོས་འགོ་དང་གྲོས་གཞི་སྒྲུབ་འགན་སྤྲོད་པའི་ཚོགས་འདུ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་འཐུས་མིའི་གྲོས་འགོ་269དང་སྲིད་གྲོས་ཀྱི་གྲོས་གཞི་366བཏོན་པའི་ནང་སྲིད་གྲོས་ཁོངས་གཏོགས་ལ་སྒྲུབ་འགན་སྤྲད་པའི་གྲོས་འགོ་258དང་གྲོས་གཞི་295ཡོད་པ་དང་། སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་སྐུལ་སྒྲུབ་བྱེད་པའི་གཙོ་གནད་གྲོས་འགོ་དང་གྲོས་གཞི་15ཡོད་པ་དེ་དག་ནང་འཐུས་མི་དང་ཨུ་ཡོན་ཚོའི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་འདུས་ཡོད་ལ། དེ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་འབྲེལ་བ་ཡོད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ལོ་འཁོར་མོའི་དམིགས་ཚད་དང་དམངས་འཚོ་ལེགས་གཏོང་ལ་དམིགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ་སྒྲུབ་གཉེར་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཚང་མར་ཆེད་དམིགས་མི་སྣས་འགན་འཁུར་བ་དང་ཆེད་དོན་ཚན་ཁག་གིས་དོན་འཁྱོལ་འགན་ལེན་བྱེད་པ་དང་། ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ་ལས་དོན་མ་སྒྲུབ་གོང་ལ་འབྲེལ་གཏུག་དང་། སྒྲུབ་རིང་མཐུན་སྦྱོར། སྒྲུབ་རྗེས་འདྲི་རྩད་བཅས་བྱེད་པ། གཏན་ལ་འཁེལ་བའི་གོ་རིམ་དང་དུས་བཅད་ཀྱི་བླང་བྱ་གཞིར་བཟུང་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་དང་། སྒྲུབ་གཉེར་གྱི་གནས་ཚུལ་དུས་ཐོག་ཏུ་ཚུར་ལན་བྱས་ནས་སྤྱི་ཚོགས་ཡོངས་ལ་འཕྲལ་དུ་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་སྲིད་གྲོས་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ་སྤྱོད་ཚུལ་དེ་བས་ལེགས་པ་དང་། བྱེད་ཐབས་དེ་བས་ནུས་ལྡན། ཕན་འབྲས་དེ་བས་ལེགས་པ་བཅས་ཡོང་བ་བྱེད་དགོས་པ། གསུམ་ནས་སྤུས་ཚད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྒྲུབ་གཉེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་སྒྲུབ་གཉེར་དང་། རིགས་མཚུངས་གནད་དོན་གཅིག་སྡུད་ཐོག་སྒྲུབ་གཉེར། དམངས་འཚོའི་གནད་དོན་སྔོན་ལ་སྒྲུབ་གཉེར་བཅས་བྱས་ནས་ལག་ལེན་མཐའ་འཁྱོལ་བ་བྱས་ཏེ་སྒྲུབ་གཉེར་དོན་འཁྱོལ་བྱེད་རིང་གི“འགོག་རྐྱེན”ནུས་ཤུགས་ཡོད་རྒུས་སེལ་བ་དང་། སྒྲུབ་གཉེར་ལ་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲུབ་གཉེར་བྱེད་ཚད་དུས་ཐོག་ཏུ་ཁོང་དུ་ཆུད་པ། དུས་ཚོད་ཀྱི་མཚམས་ཚིག་དང་སྒྲུབ་གཉེར་གྱི་མཇུག་འབྲས་དམ་འཛིན་ཡག་པོ་བཅས་བྱས་ནས་ལས་དོན་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ། བཞི་ནས་ཉམས་མྱོང་ཕྱོགས་སྡོམ་ལ་མཐོང་ཆེན་དང་སྒྲུབ་གཉེར་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་སྟེ་མཉམ་འབྲེལ་བརྟག་ཞིབ་དང་། མཐུན་སྦྱོར་སྐུལ་འདེད། དྲི་ལན་གནད་འཁེལ་བཅས་ཀྱི་སྒྲུབ་གཉེར་ལམ་སྲོལ་ལ་ཞིབ་འཇུག་གཏིང་ཟབ་དང་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་བྱེད་པའི་མཉམ་ལས་ལས་སྟེགས་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གཉེར་ཚན་པས་སྣེ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། སྒྲུབ་འགན་འཁུར་རོགས་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ་སྤུས་ཚད་མཐོ་བ་དང་ཕན་འབྲས་ལེགས་པའི་སྒྲུབ་གཉེར་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ལོ་འཁོར་དུ་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱིས་སྒྲུབ་གཉེར་བྱས་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་དང་བསམ་འཆར་251དང་སྲིད་གྲོས་ཀྱི་གྲོས་གཞི་345ཡི་སྒྲུབ་གཉེར་བྱེད་ཚད་དང་འཐུས་མི་ཚོ་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།